[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • ད་ལོའི་ཟླ་1པོ་ནས་8པའི་བར་ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ལ་ཡོང་འབབ་སྒོར་དུང་ཕྱུར་172བྱུང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-09

    ཉིན་ཤས་གོང་། གསར་འགོད་པས་ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་ནས་ཤེས་རྟོགས་བྱུང་བ་ལྟར་ན། ད་ལོའི་ཟླ་1པོ་ནས་8པའི་བར་ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ཁྲོམ་རའི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ལེགས་པས་ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་172བྱུང་བ་དེ་ན་ནིང་གི་དུས་མཚུངས་ལས་24.88%འཕར་ཡོད།

    ད་ལོའི་ཟླ་1པོ་ནས་8པའི་བར་ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ཁྲོམ་རར་འཁྲུག་ཆ་དོད་པའི་རྣམ་པ་མངོན་པ་དང་། ཡུལ་སྐོར་ཁྲོམ་རའི་འཁོར་སྐྱོད་བདེ་འཇགས་དང་བརྟན་ལ་ཡུལ་སྐོར་སྣེ་ལེན་བྱེད་ཚད་ཆེས་ཆེར་འཕར་ཞིང་། རིམ་རྩིས་བྱས་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་1200ལྷག་ལ་སྣེ་ལེན་ཞུས་པ་དེ་ལོ་གོང་མ་ལས་18.99%འཕར་ཡོད་པ་རེད།

    ད་ལོའི་ཟླ་7པ་དང་8པ་ནི་དབྱར་ཁའི་གུང་གསེང་གི་སྐབས་ལ་འཁེལ་བ་དང་ལྷ་སའི་དུས་ཆེན་དང་བྱེད་སྒོ་ཁག་གི་ཡིད་དབང་འཕྲོག་ཤུགས་ཀྱང་སྔར་བས་ཆེ་ལ་ད་ལོའི་ཞོ་སྟོན་གྱི་སྐབས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་239.85ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་19.75%འཕར་ནས་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་7.83བྱུང་བ་དེ་དུས་མཚུངས་ལས་25.48%མང་དུ་སོང་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།