[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • འདི་ལོའི་ཞོ་སྟོན་གྱི་བྱེད་སྒོ་ཆེ་ཁག་བཅུ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-08-11

    1.ཞོ་སྟོན་གྱི་འགོ་ཚུགས་མཛད་སྒོ།

    འདི་ལོའི་ཞོ་སྟོན་གྱི་འགོ་ཚུགས་མཛད་སྒོ་ཟླ་8ཚེས་21ཉིན་གྱི་དགོང་མོ་ལྷ་ས་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་ལན་ཆིའུ་སྤོ་ལོ་ཁང་དུ་གཉེར་རྒྱུའི་གཏན་འཁེལ་བྱས་པ་རེད།

    2ཞོ་སྟོན་གྱི་གོས་སྐུ་འགྲེམས་པའི་བྱེད་སྒོ།

    ཞོ་སྟོན་གྱི་སྲོལ་རྒྱུན་གོམས་གཤིས་གཞིར་བཟུང་། ཟླ་8ཚེས་21ཉིན་གྱི་སྔ་དྲོ་འབྲས་སྤུངས་དང་སེ་ར་དགོན་སོ་སོར་གོས་སྐུ་འགྲེམས་རྒྱུ་ཡིན་པ།

    3ཕུལ་བྱུང་ལྷ་མོའི་འཁྲབ་སྟོན་བྱེད་སྒོ།

    ཟླ་8ཚེས་21ནས་27ཉིན་བར་ནོར་བུ་གླིང་ཁ་དང་རྫོང་རྒྱབ་ཀླུ་ཁང་དུ“སྐབས་དྲུག་པའི་ལྷ་མོ་འཁྲབ་སྟོན”གྱི་ཆེད་དོན་འཁྲབ་སྟོན་བྱ་རྒྱུ་ཡིན་པ།

    4ཞོ་སྟོན་གྱི་ཚོང་འགུགས་མ་འདྲེན་རྣམ་གྲངས་ཀྱི་འོས་སྦྱོར་ཚོགས་འདུ་དང་རྣམ་གྲངས་གཅིག་སྡུད་གན་རྒྱ་འཇོག་པའི་མཛད་སྒོ།

    ཟླ་8ཚེས་21ཉིན་གྱི་ཕྱི་དྲོ་ཞོ་སྟོན་གྱི་ཚོང་འགུགས་མ་འདྲེན་རྣམ་གྲངས་ཀྱི་འོས་སྦྱོར་ཚོགས་འདུ་དང་རྣམ་གྲངས་གཅིག་སྡུད་གན་རྒྱ་འཇོག་པའི་མཛད་སྒོ་གཉེར་རྒྱུ་ཡིན་པ།

    5སྐབས་བཅུ་གཅིག་པའི་རྐང་ཐང་མར་གནམ་མཚོར་སྐྱོད་པའི་ཚོགས་ཆེན།

    ཟླ་8ཚེས་20ནས་25ཉིན་བར་སྐབས་བཅུ་གཅིག་པའི་རྐང་ཐང་མར་གནམ་མཚོར་སྐྱོད་པའི་ཚོགས་ཆེན་འདམ་གཞུང་གནམ་མཚོའི་འགྲམ་དུ་འཚོག་རྒྱུ་ཡིན་པ།

    6ཀྲུང་གོའི་ལྷོ་ནུབ་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་དྲུག་གི་པར་ལེན་འགྲེམས་སྟོན།

    འདི་ལོའི་ཞོ་སྟོན་གྱི་བྱེད་སྒོ་དང་པོ་ཡིན་པའི་ཀྲུང་གོའི་ལྷོ་ནུབ་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་དྲུག་གི་པར་ལེན་འགྲེམས་སྟོན་ཟླ་7ཚེས་26ཉིན་བོད་ལྗོངས་གཡག་རྟེན་རྫས་གླིང་དུ་སྤེལ་བ་དང་ཟླ་8ཚེས་26ཉིན་འགྲེམས་སྟོན་མཇུག་འགྲིལ་རྒྱུ་ཡིན་པ།

    7ཞོ་སྟོན་གྱི་མི་རིགས་སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན།

    འདི་ནི་འདི་ལོ་སླར་གསོ་བྱས་པའི་ཞོ་སྟོན་གྱི་སྲོལ་རྒྱུན་བྱེད་སྒོ་ཞིག་ཡིན་པ་དང་། ཟླ་8ཚེས་23ཉིན་གྱི་སྔ་དྲོ་ལྷ་ས་གྲོང་ཁྱེར་བྱང་འདབས་རྟ་རྒྱུག་ཐང་དུ་སྤེལ་རྒྱུ་ཡིན་པ།

    8“དྲ་ཐོག་ཞོ་སྟོན”གྱི་སྨྱན་སྦྱོར་གསར་པའི་དྲིལ་བསྒྲགས་འོས་སྦྱོར་བྱེད་སྒོ།

    རིགས་ཁག་གི་སྨྱན་སྦྱོར་གསར་པའི་ལས་སྟེགས་བརྒྱུད། ཞོ་སྟོན་གྱི་འབྲེལ་ཡོད་བྱ་དགའ་ཡོད་པའི་དྲི་བ་དྲིས་ལན་དང་བྱ་དགའ་ཡོད་པའི་བརྒྱུད་གཏོང་སོགས་དྲིལ་བསྒྲགས་ཁྱབ་གདལ་ལས་དོན་སྤེལ་རྒྱུ་དང་། “བག་ཆགས་ལྡན་པའི་ཞོ་སྟོན”གྱི་བརྗོད་དོན་གཙོ་བོའི་རྩོམ་ཡིག་དང་པར་ལེན་འཚོལ་བསྡུ་སོགས་བྱ་དགའ་ཡོད་པའི་རིམ་སྤེལ་འཚོལ་བསྡུའི་བྱེད་སྒོ་སྤེལ་རྒྱུ་ཡིན་པ།

    9ཞོ་སྟོན་གྱི་གྲགས་ཅན་ཚོང་ཟོག་ཚོང་འདུས།

    ན་ནིང་གི“ཞོ་སྟོན་གྱི་རླངས་འཁོར་དང་། ཁང་པ། ཟས་ཞིམ་བཅས་ཀྱི་འགྲེམས་སྟོན”འདི་ལོ“ཞོ་སྟོན་གྱི་གྲགས་ཅན་ཚོང་ཟོག་ཚོང་འདུས”ཞེས་པར་མིང་བསྒྱུར་བ་དང་། ཟླ་8ཚེས་20ནས་27ཉིན་བར་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་བླ་ཁེབས་མེད་པའི་འགྲེམས་སྟོན་བྱ་ཡུལ་དུ་གཉེར་རྒྱུ་ཡིན་པ།

    10དགའ་སྤྲོའི་ཞོ་སྟོན་གྱི་དགའ་ནེའུ་དུས་ཆེན་དང་ཞོ་དང་། སྦི་རག ཞིམ་ཟས། རོལ་དབྱངས་གཟའ་འཁོར།

    ཟླ་8ཚེས་22ནས་28ཉིན་བར་དགའ་སྤྲོའི་ཞོ་སྟོན་གྱི་དགའ་ནེའུ་དུས་ཆེན་དང་ཞོ་དང་། སྦི་རག ཞིམ་ཟས། རོལ་དབྱངས་གཟའ་འཁོར་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་བླ་ཁེབས་མེད་པའི་འགྲེམས་སྟོན་ཐང་དུ་འགྲེམས་སྟོན་བྱ་རྒྱུ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།