[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • ཐད་འཕུར་གནམ་གྲུར་བསྡད་ནས་ལྷ་སའི་མཛེས་ལྗོངས་ལ་བལྟ་ཆོག

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-08-08

    ཉེ་དུས་གཟའ་འཁོར་གཅིག་རིང་ལྷ་སའི་མཁའ་དབྱིངས་སུ“ཝུའུ། ཝུའུ། ཝུའུ”ཞེས་འཕུར་སྐྱོད་བྱེད་པའི་ཐད་འཕུར་གནམ་གྲུ་ཉིན་ལྟར་མཐོང་རྒྱུ་ཡོད་པ་དང་། གྲོང་མི་མང་ཆེ་བས་“ལྷ་སའི་མཁའ་དབྱིངས་ཀྱི་ལྟ་སྐོར”ཞེས་པ་དུས་གང་ལ་མངོན་འགྱུར་ཐུབ་མིན་དོ་ཁུར་དང་རེ་སྒུག་ཆེན་པོ་བྱེད་བཞིན་མཆིས།  ཟླ་8ཚེས་4ཉིན་གྱི་ཕྱི་དྲོ་གསར་འགོད་པ་སླར་ཡང་ལྷ་སའི་གངས་རྒོད་གནམ་གྲུ་ཤར་གཏོང་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་སུ་བསྐྱོད་དེ་འདྲི་རྩད་བྱས་པ་དང་། ས་གནས་ས་ཐོག་ཏུ་སྒྲིག་སྦྱོར་བྱས་ཟིན་པའི“ནགས་བྱི་ཆུང་ཆུང”ཞེས་པའི་ཐད་འཕུར་གནམ་གྲུ་གཉིས་ལྷ་ས་སྐྱིད་ཆུའི་ལྷོ་ངོགས་སུ་འཕུར་སྐྱོད་བྱེད་བཞིན་ཡོད་པ་མཐོང་བྱུང་།

    ལྷ་སའི་གངས་རྒོད་གནམ་གྲུ་ཤར་གཏོང་མཁའ་འགྲུལ་མ་རྐང་ཚད་ཡོད་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ཁག་དང་པོར་ནང་འདྲེན་བྱས་པའི་ཐད་འཕུར་གནམ་གྲུ་4ལྷ་སར་འབྱོར་ཞིང་། གནམ་གྲུ་2 ཟླ་7པའི་ཟླ་མཇུག་ཏུ་ཚོད་འཕུར་བྱེད་འགོ་ཚུགས་པ་དང་། གནམ་གྲུ་གཞན་གཉིས་སྔོན་དཔག་ལྟར་ན་ཟླ་8པའི་ཟླ་དཀྱིལ་དུ་ཚོད་འཕུར་བྱ་རྒྱུ་རེད། ཐད་འཕུར་གནམ་གྲུས་དམངས་སྤྱོད་མཁའ་འགྲུལ་སྡེ་ཚན་དང་དེ་བཞིན་དམག་ཕྱོགས་ཀྱི་ཆོག་མཆན་ལ་ནན་པོར་གཞིགས་ཏེ་ཁྱབ་ཁོངས་ཀྱི་ནང་རོལ་ཏུ་འཕུར་སྐྱོད་བྱ་རྒྱུ་ཡིན་པའི་ནང་ལྷ་སའི་ཉེ་འཁོར་དང་དེ་བཞིན་མཛེས་ལྗོངས་ཁུལ་ཁག་ཚུད་ཡོད་ལ། གནམ་མཚོ་སོགས་ཅུང་ཐག་རིང་བའི་ཡུལ་སྐོར་མཛེས་ལྗོངས་ས་ཚིགས་སུའང་བསྐྱོད་ཆོག་གི་ཡོད།  སྔོན་དཔག་ལྟར་ན་ཞོ་སྟོན་གོང་ཐད་འཕུར་གནམ་གྲུར་བསྡད་དེ་བར་སྣང་ནས་ལྷ་ས་གྲོང་ཁྱེར་ལ་ལྟ་སྐོར་བྱ་ཆོག

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།