[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • བོད་རང་སྐྱོང་ལྗོངས་ཀྱིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་འཆར་འགོད་བཟོས་པ།

    དེ་ཉིད་རྒྱལ་དམངས་དཔལ་འབྱོར་གྱི་གཙོ་ཁྲིད་ཐོན་ལས་ལ་སྐྱེད་སྲིང་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-08-08

    ཉེ་ཆར། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་འཆར་འགོད》པར་འགྲེམས་བྱས་ཏེ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཡུལ་སྐོར་ལས་རིགས་དེ་ཉིད་རྒྱལ་དམངས་དཔལ་འབྱོར་གྱི་གཙོ་ཁྲིད་ཐོན་ལས་ལ་སྐྱེད་སྲིང་བྱ་རྒྱུ་ཡིན་ལུགས་བཏོན་ཡོད།

    《འཆར་འགོད》ནང་། འཕེལ་རྒྱས་ཀྱི་རྒྱབ་ལྗོངས་དང་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་དེ་བཞིན་དམིགས་ཚད་དང་། ལས་འགན་གཙོ་བོ། ཡུལ་སྐོར་ལས་རིགས་ཀྱི་ཆ་ལག་ཚང་བའི་འདུ་འགོད།འགན་སྲུང་བྱ་ཐབས་སོགས་ནང་དོན་5ཡི་ཐད་ནས་ས་མཐོ་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་འཛམ་གླིང་ཡུལ་སྐོར་དམིགས་ས་བསྐྲུན་པའི་འཕེལ་རྒྱས་ཀྱི་དུས་བབ་དང་དགེ་མཚན་ལྡན་པའི་མཐུན་རྐྱེན་དབྱེ་ཞིབ་གཏིང་ཟབ་བྱས་པ་དང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་དང་འགན་སྲུང་བྱ་ཐབས་ཁ་གསལ་བཏོན་ཏེ་ཡུལ་སྐོར་མཁོ་སྤྲོད་ཕྱོགས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་གཙོ་རྐང་དུ་འཛིན་པ་དང་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུ་ལྟེ་བར་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་། མགྱོགས་མྱུར། སྐྱོན་བྲལ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཡོང་བར་འདེགས་སྐྱོར་གལ་ཆེན་མཁོ་འདོན་བྱེད་དགོས་པ་བཏོན་ཡོད།

    《འཆར་འགོད》ནང་། ལྗོངས་ཡོངས་ཀྱི་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་ལ་གཞི་ཚུགས་ཏེ་ཡུལ་སྐོར་ལས་རིགས་ཀྱི་གནས་བབ་གཙོ་ཁྲིད་ཅན་དང་། ཐོན་རྫས་ཞིབ་ཚགས་ཅན། འཕེལ་རྒྱས་ས་ཁོངས་ཧྲིལ་པོ་ཅན། སྒོ་དབྱེ་རྒྱ་ཆེ་ཅན་བཅས་ལ་སྐུལ་འདེད་བཏང་སྟེ“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ཏུ་སླེབས་སྐབས་ཡུལ་སྐོར་ལས་རིགས་དེ་ཉིད་རྒྱལ་དམངས་དཔལ་འབྱོར་གྱི་གཙོ་ཁྲིད་ཐོན་ལས་ལ་སྐྱེད་སྲིང་བྱས་ནས་ཡུལ་སྐོར་ཐོན་ལས་ཀྱི་མ་ལག་ཅུང་འཐུས་སྒོ་ཚང་བ་ཞིག་ཆགས་པ་བྱས་ཏེ་ནང་མཁོ་རྒྱ་ཆེར་གཏོང་བ་དང་། འཕེལ་རྒྱས་གཏོང་སྟངས་བསྒྱུར་བ། གྲུབ་ཆ་ལེགས་སྒྲིག འཕར་རྒྱུ་རྒྱུན་འཁྱོངས། ལས་ཞུགས་ལ་སྐུལ་འདེད་གཏོང་བ། དམངས་འཚོར་ཕན་འདོགས་པ་སོགས་ཐད་ལ་ནུས་པ་སྔར་ལས་ཆེ་བ་འདོན་དགོས་པ་དང་། ཡུལ་སྐོར་གྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་དང་། གཉེར་སྐྱོང་དོ་དམ་དང་ཞབས་ཞུའི་ཆུ་ཚད་བཅས་རྒྱལ་སྤྱིའི་ཐོག་ཀུན་གྱིས་སྤྱོད་པའི་ཡུལ་སྐོར་ཞབས་ཞུའི་ཚད་གཞི་དང་ཕྱོགས་ཡོངས་ནས་སྦྲེལ་མཐུད་བྱེད་པ་དང་། ཡུལ་སྐོར་ཐོན་ལས་ཀྱི་གྲུབ་ཆ་ཟམ་མི་ཆད་པར་ལེགས་སྒྲིག་བྱེད་པ། ཐོན་ལས་ཀྱི་གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ཡུལ་སྐོར་ཐོན་རྫས་མ་ལག་སྔར་བས་ཕུན་སུམ་ཚོགས་སུ་གཏོང་བ། ཁྲོམ་རའི་བྱེད་པོ་རྒྱུན་ཆད་མེད་པར་སྟོབས་ཆེ་རུ་གཏོང་བ། ཡུལ་སྐོར་ལས་རིགས་ཀྱི་ཡོང་འབབ་བསྡོམས་འབོར་དང་། སྣེ་ལེན་ཞུས་པའི་མི་གྲངས་ཀྱི་བསྡོམས་འབོར། མི་རེའི་ཆ་སྙོམས་འཛད་སྤྱོད་ཆུ་ཚད་བཅས་མགྱོགས་མྱུར་འཕར་རྒྱུ་རྒྱུན་འཁྱོངས་བྱེད་པ། ཡུལ་སྐོར་ལས་རིགས་ཀྱིས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་བ་བཅས་བྱེད་དགོས་པ། ཡུལ་སྐོར་གཟུགས་བརྙན་སྔར་བས་མངོན་གསལ་དོད་དུ་གཏོང་བ་དང་། བར་མཐོངས་བཀོད་སྒྲིག་སྔར་བས་ལུགས་མཐུན་བྱེད་པ། ཡུལ་སྐོར་ཐོན་ཁུངས་གསར་སྤེལ་སྔར་བས་གོ་རིམ་ལྡན་པ། ཡུལ་སྐོར་བདེ་འཇགས་འགན་སྲུང་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། ཞིང་འབྲོག་པའི་ཡོང་འབབ་མངོན་གསལ་དོད་པོས་མང་དུ་གཏོང་བ། སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་རྒྱལ་ཡོངས་ཀྱི་སྔོན་ཐོན་ཆུ་ཚད་ལ་སླེབས་པ་བྱེད་པ། རྒྱུན་མཐུད་འཕེལ་རྒྱས་གཏོང་ནུས་སྔར་བས་ཆེ་རུ་གཏོང་བ། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་དང་ཤུགས་རྐྱེན་ནུས་པ་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ། ཡུལ་སྐོར་ཐོན་ཁུངས་ཀྱི་ལྗོངས་ཆེན་ནས་ཡུལ་སྐོར་ཐོན་ཁུངས་ཀྱི་སྟོབས་ཆེའི་ལྗོངས་ལ་མཆོང་སྐྱོད་ཡོང་བ་བྱེད་པ་བཅས་ཀྱི་སྒོ་ནས་ས་མཐོ་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་འཛམ་གླིང་ཡུལ་སྐོར་དམིགས་ས་བསྐྲུན་དགོས་པའི་བླང་བྱ་བཏོན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།