[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • ཁྱིམ་ཚང་མགྲོན་ཁང་གཉེར། དངུལ་སྨར་ཡོང་འབབ་བསགས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-08-07

    422700_yis_1501996295994_s.jpg

    མངའ་རིས་ས་ཁུལ་གྱི་ཡུལ་སྐོར་ལས་རིགས་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས། རྩྭ་མདའ་རྫོང་གིས“ཡུལ་སྐོར་ལ་བརྟེན་ནས་རྫོང་དར་རྒྱས་དང་སྒོ་དབྱེར་བརྟེན་ནས་དམངས་ཕྱུག”གི་འཕེལ་རྒྱས་འཐབ་ཇུས་ལ་སྐུལ་འདེད་ཧུར་ཐག་བཏང་ནས། རྫོང་དེའི་མཐོ་ལྡིང་གྲོང་ལྷན་དེ་ཞག་སྡོད་དང་། ཟ་འཐུང་། སྤྲོ་གསེང་བཅས་དང་དམངས་སྲོལ་མྱོང་རོལ་གཞི་གཅིག་ཅན་གྱི་གྲོང་གསེབ་ཡུལ་སྐོར་གྲོང་སྡེར་བཏོད་པས། མཐོ་ལྡིང་གྲོང་ལྷན་གྱི་ཚོགས་ཆུང་གཉིས་པའི་དུད་ཚང་36གིས་ཁྱིམ་ཚང་མགྲོན་ཁང་གཉེར་ཏེ་ལོར་ཡུལ་སྐོར་བ་མི་ཐེངས་ཁྲི་1.3ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་ཁྲི་65ལྷག་ཙམ་ཟིན་པ་མ་ཟད། ས་གནས་དེའི་ཁྱད་ལྡན་ཐོན་ལས་ཡུལ་སྐོར་ལས་རིགས་ལ་འཕེལ་རྒྱས་ཀྱི་གཏིང་ཤུགས་དང་མདུན་ལམ་བཟང་པོ་མངོན་ཞིང་། འདི་ནི་རྩྭ་མདའ་རྫོང་མཐོ་ལྡིང་གྲོང་རྡལ་མཐོ་ལྡིང་སྡེ་ཁུལ་གྲོང་ལྷན་གྱི་གྲོང་མི་བཅིངས་འགྲོལ་བདེ་སྐྱིད་ཀྱིས་རང་ཁྱིམ་གྱི་ཁྱིམ་ཚང་མགྲོན་ཁང་དུ་ཕྱི་རྒྱལ་གྱི་ཡུལ་སྐོར་བར་སྣེ་ལེན་ཞུ་བའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།