[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • 2017ལོའི་བོད་ཀྱི་ཡུལ་སྐོར་ཐོན་རྫས་འོས་སྦྱོར་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-05-27

    ཚེས་25ཉིན་གྱི་སྔ་དྲོ་ལྷ་ས་འགྲིམ་འགྲུལ་ཐོན་ལས་ཚོགས་པ་དང་། ལྷ་ས་པོ་ཏ་ལ་ཡུལ་སྐོར་རིག་གནས་ཚོགས་པ། ལྷ་ས་ཧོ་མེ་པོ་ཏ་ལ་རིག་གནས་གསར་གཏོད་ཐོན་ལས་འཕེལ་རྒྱས་ཀུང་སི་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་2017ལོའི་བོད་ཀྱི་ཡུལ་སྐོར་ཐོན་རྫས་འོས་སྦྱོར་ཚོགས་འདུ་ལྷ་སར་འཚོགས་ཤིང་། ལྗོངས་ཕྱི་ནང་གི་ཡུལ་སྐོར་ལས་རིགས་དང་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ནས་ཡོང་བའི་རིགས་གཅིག་མཁས་ཅན་དང་། མཁས་དབང་། དེ་བཞིན་ཁེ་ལས་ཀྱི་འཐུས་མི་སོགས་མཉམ་དུ་འཛོམས་ནས་བོད་ཀྱི་ཡུལ་སྐོར་འཕེལ་རྒྱས་ཐད་ལ་ཐབས་དང་ཇུས་བཏོན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྣོད་བཅུད་ཁོར་ཡུག་ལེགས་པ་དང་ཡུལ་སྐོར་ཐོན་ཁུངས་འཛོམས་པར་བརྟེན་2016ལོའི་བོད་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བྱུང་ཞིང་། རིམ་རྩིས་བྱས་ན་ལོ་ཧྲིལ་པོར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཁྱོན་མི་ཐེངས་ཁྲི་2315.94ལ་སྣེ་ལེན་ཞུས་པ་དེ་ལོ་གོང་མ་དང་བསྡུར་ན་14.8%འཕར་བ་དང་། ཡུལ་སྐོར་གྱི་ཡོང་འབབ་བསྡོམས་གྲངས་སྒོར་ཁྲི་330.75ཟིན་པ་དེ་ལོ་གོང་མ་དང་བསྡུར་ན་17.3%འཕར་བ། ཡུལ་སྐོར་བའི་མི་གྲངས་དང་ཡོང་འབབ་གཉིས་ཀ་ལོ་རྒྱུད་ཀྱི་མཐོ་ཚད་གསར་པར་སླེབས་པ་བཅས་བྱུང་ནས“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཡག་པོ་ཞིག་བཙུགས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།