[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • དུས་ཚིགས་དང་པོར་ལྷ་ས་གྲོང་ཁྱེར་ལ་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་9.29བྱུང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-04-17

    ཉེ་ཆར་ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཅུས་ནས་གསར་འགོད་པས་ཤེས་རྟོགས་བྱུང་གསལ། འདི་ལོའི་དུས་ཚིགས་དང་པོར་ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ལ་འགོ་འཛུགས་བཀྲ་ཤིས་བྱུང་ནས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་66ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་9.29བྱུང་བ་རེད།

    དུས་ཚིགས་དང་པོར་ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ཁྲོམ་ར་ཅུང་འཁྲུག་པ་དང་། འཁོར་སྐྱོད་གནས་ཚུལ་བཟང་བ། ཡུལ་སྐོར་བར་སྣེ་ལེན་བྱ་རྒྱུ་མང་དུ་སོང་ཞིང་། གྲོང་ཁྱེར་དེ་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་66ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་9.29བྱུང་བའི་ནང་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་65ལྷག་ལ་སྣེ་ལེན་ཞུས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། དུས་ཚིགས་དང་པོར་དུས་ཆེན་དང་ངལ་གསོའི་ཉིན་མོ་མང་པོ་འཁེལ་ནས་ལྷ་ས་གྲོང་ཁྱེར་གྱིས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་དང་ཡུལ་སྐོར་ཡོང་འབབ་དེ་ན་ནིང་གི་དུས་མཚུངས་ལས་ཆེས་ཆེར་མང་དུ་སོང་ཞིང་། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་ཡུལ་སྐོར་བ་བཀུག་པར་སྒོར་དུང་ཕྱུར་1.8དང་2.58སོ་སོར་ཟིན་པ་དང་། ཡུལ་སྐོར་བ་ཕྱིར་སྐྱོད་སྐབས་གང་འདོད་འགྲོ་བ་དང་ཚོགས་པ་བསྒྲིགས་ནས་འགྲོ་བ། ཡུལ་སྐོར་ལམ་ཐིག་ཀྱང་གྲོང་ཁྱེར་ནང་དང་། འདམ་གཞུང་། ཉིང་ཁྲི་གསུམ་གཙོ་བོར་ཡིན་པ་རེད།

    གོམ་སྟབས་རྗེས་མར་ལྷ་ས་གྲོང་ཁྱེར་གྱིས་ཡུལ་སྐོར་ཁྲོམ་རའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བྲིན་ཚོང་གི་བསམ་ཕྱོགས་བསྒྱུར་ཏེ་ཚགས་པར་དང་། དྲ་རྒྱ། བརྙན་འཕྲིན་སོགས་གྱི་མཚམས་སྦྱོར་ནུས་པ་གང་ལེགས་འདོན་རྒྱུ་དང་། བོད་ཀྱི་ས་བབ་མཐོ་བ་དང་གནམ་གཤིས་སྡུག་པ་སོགས་ཀྱིས་མིའི་གཟུགས་པོར་མི་འཕྲོད་པའི་ཐད་ཡུལ་སྐོར་བར་ངོས་འཛིན་ཡང་དག་ཡོང་བ་བྱས་ཏེ་ཡུལ་སྐོར་བའི་དོགས་པ་བསལ་ནས་ཡུལ་སྐོར་བ་སྔར་ལས་མང་བ་བོད་ལ་ཡོང་ཐུབ་པ་བྱ་རྒྱུ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།