[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ཁོར་ཡུག་འཕྲོད་བསྟེན་ལ་སྣང་ཆེན་གྱིས་གཙང་སྦྲ་དོད་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-10

    ཁོངས་གཏོགས་ཁུལ་གྱི་ཁོར་ཡུག་འཕྲོད་བསྟེན་སྔར་བས་གཙང་དུ་བཏང་ནས་གྲོང་མི་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚེས་གསུམ་ཐང་སྡེ་ཁུལ་གྲོང་ལྷན་གྱིས་སྡེ་ཁུལ་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་དང་བླངས་པ་དང་སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག་སྒྲིག་འཛུཌ་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་མ་ཡུར་བྱང་མའི་རྒྱུད་དུ“ཁོར་ཡུག་འཕྲོད་བསྟེན་ལ་སྣང་ཆེན་གྱིས་གཙང་སྦྲ་དོད་པའི་ཁྱིམ་གཞིས་མཉམ་དུ་སྐྲུན”ཞེས་པའི་བརྗོད་དོན་གཙོ་བོའི་ཁོར་ཡུག་འཕྲོད་བསྟེན་ལ་གཙང་སྦྲ་བྱེད་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།

    ཚང་མས་ཁ་རས་བརྒྱབ་ནས་ལག་ཤུབས་དང་སྟོད་གོས་དམར་པོ་གྱོན་ཏེ་ལག་ཏུ་འཇབ་ཙེ་དང་རྩྭ་རས་སོགས་འཁྱེར་ཏེ་ཁོངས་གཏོགས་ཁུལ་གྱི་མ་ཡུར་བྱང་མའི་རྒྱུད་ཀྱི་འཚོ་བའི་གད་སྙིགས་སོགས་གཙང་སེལ་བྱས་ཤིང་། ཆུ་ཚོད་གཉིས་ལྷག་ཙམ་གྱི་དཀའ་སྤྱད་ངལ་རྩོལ་བྱས་པ་བརྒྱུད་གད་སྙིགས་རྩྭ་རས་15གཙང་སེལ་བྱས་ནས་ཁོངས་གཏོགས་ཁུལ་གྱི་མ་ཡུར་བྱང་མའི་རྒྱུད་ཀྱི་ཁོར་ཡུག“བཙོག་ཟིང་ཞན་གསུམ”གྱི་གནད་དོན་ཐག་གཅོད་བྱས་པ་རེད།

    བྱེད་སྒོ་སྤེལ་རིང་། ཚང་མས་བཙོག་སྣང་མེད་པ་དང་དཀའ་ངལ་ལ་མི་འཛེམ་པའི་སྤྱོད་ཚུལ་བཟང་པོ་དར་སྤེལ་ཧུར་ཐག་བཏང་སྟེ་གད་སྙིགས་ཡོད་ཚད་གཙང་ཕྱགས་བྱས་ནས་ཁུག་གསང་མི་ལུས་པ་བྱས། ཕན་ཚུན་མཉམ་ལས་དང་གོང་འོག་མཐུན་སྦྱོར་གྱིས་དང་བླངས་ཞབས་ཞུའི་བྱེད་སྒོ་གང་སར་ཁྱབ་པ་དང་མང་ཚོགས་ཀྱི་སེམས་ནང་དངོས་སུ་ཟུག་ཐུབ་པ་བྱས་ནས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་སྐྱིད་སྣང་དང་བློ་ཡིད་ཚིམ་ཚད་ཆེ་རུ་གཏོང་གང་ཐུབ་བྱས་པ་རེད།

    ཚང་མས་གཅིག་རྗེས་གཉིས་མཐུད་ངང་བྱེད་སྒོ་འདི་རིགས་ནང་ཞུགས་པར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད། ཁོངས་གཏོགས་ཁུལ་ནི་རང་གི་ཁྱིམ་ཚང་ལྟ་བུ་ཡིན་པས་ཚང་མས་གཙང་སྦྲ་ཡག་པོ་བྱས་ནས་ཁོངས་གཏོགས་ཁུལ་གྱི་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་ལ། རང་ཉིད་ཀྱི་ངལ་རྩོལ་ལ་བརྟེན་ནས་གཙང་སྦྲ་དོད་པའི་ཁྱིམ་གཞིས་བསྐྲུན་རྒྱུ་ནི་ཚང་མའི་འོས་འགན་ཞིག་ཀྱང་རེད་ཅེས་བརྗོད། བྱེད་སྒོ་སྤེལ་རིང་། སྡེ་ཁུལ་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་དང་བླངས་པ་དང་སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མིས་ཕར་འགྲོ་ཚུར་འོང་བྱེད་མཁན་མང་ཚོགས་ཚོར་གཙང་སྦྲ་འཕྲོད་བསྟེན་གྱི་གོམས་གཤིས་བཟང་པོ་རྒྱུན་འཁྱོངས་བྱེད་པ་དང་། ཁོངས་གཏོགས་ཁུལ་གྱི་ཁོར་ཡུག་བཟང་པོ་མཉམ་དུ་སྲུང་སྐྱོང་བྱས་ཏེ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་པའི་བྱ་སྤྱོད་ནང་ཚང་མ་མཉམ་དུ་ཞུགས་པའི་ལྕག་སྐུལ་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་བརྒྱུད་སྡེ་ཁུལ་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་དང་བླངས་པ་དང་སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག་གིས་འཕྲོད་བསྟེན་གྲོང་ཁྱེར་འཛུགས་གཏོད་ལས་དོན་ནང་ཞུགས་ཚད་མང་དུ་དང་ཞུགས་འདོད་ཆེ་རུ་ནུས་ལྡན་ཕྱིན་ནས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཚོར་གཙང་སྦྲ་དོད་ལ་གྲལ་སྟར་འགྲིག་པའི་འཚོ་བའི་ཁོར་ཡུག་ཅིག་བཏོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།