[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ལྗང་མདོག་ཁོར་ཡུག་སྲུང་སྐྱོང་གི་སྣོད་བཅུད་སློབ་གྲྭ་གཏོད་པ།

    —— ཉིང་ཁྲི་གྲོང་ཁྱེར་སློབ་ཆུང་གཉིས་པའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་སློབ་གསོའི་སྐོར་ཐོར་བུ་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-03

    2000ལོ་ནས་བཟུང་། ཉིང་ཁྲི་གྲོང་ཁྱེར་སློབ་ཆུང་གཉིས་པས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་སློབ་གསོའི་སློབ་ཆུང་གི་ཕྱོགས་བསྡུས་ལག་ལེན་འཚོལ་ཞིབ་བྱས་པ་དང་། ཕྱོགས་བསྡུས་ལག་ལེན་གཞི་རྟེན་དུ་བྱས་པའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སློབ་གསོ་ཧུར་ཐག་བརྒྱབ་པར་བརྟེན། སློབ་མ་དང་ཁྱིམ་བདག་གི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་ཕྱིན་པ་མ་ཟད། སློབ་གྲྭ་དང་སྤྱི་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་བྱེད་སྒོའི་ནང་ཞུགས་པའི་གོ་སྐབས་ཀྱང་སྔར་བས་མང་དུ་སོང་ཡོད་པ་རེད།

    ལོ་19ཡི་རིང་། ཉིང་ཁྲི་གྲོང་ཁྱེར་སློབ་ཆུང་གཉིས་པས་སློབ་མར་བེད་མེད་དངོས་པོ་ཕྱིར་བསྡུ་བྱེད་པ་དང་དེ་ལས་བྱུང་བའི་མ་དངུལ་གྱིས་སློབ་གྲྭའི་སློབ་མ་དབུལ་པོར་རོགས་སྐྱོར་བྱས་ཤིང་། “ལག་གདང་སྦྲེལ་བའི་སའི་གོ་ལའི་གྲོང་ཚོ”ཡིས་སྒོར་ཁྲི་20ལྷག་གི་ཡོང་འབབ་བསགས་ཏེ་གཅེས་སེམས་ཐེབས་རྩ་བཙུགས་པ་དང་སྔ་ཕྱིར་སློབ་མ་དབུལ་པོ་300ལྷག་ཙམ་ལ་རོགས་རམ་བྱས་པ་དང་། བྱེད་སྒོ་དེ་དག་ལས་སློབ་གྲྭའི་ཕྱི་ནང་ཀུན་ལ་ཤུགས་རྐྱེན་བཟང་པོ་ཐེབས་པ་རེད།

    2019ལོའི་ཟླ་3པར། ཉིང་ཁྲི་གྲོང་ཁྱེར་སློབ་ཆུང་གཉིས་པའི“སའི་གོ་ལའི་གྲོང་ཚོའི་སྣོད་བཅུད་གླིང”སྐྲུན་འགོ་ཚུགས་པ་དང་། ཟླ་4ཚེས་19ཉིན་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བྱུང་བ་མ་ཟད། ཟླ་4ཚེས་22ཉིན་གྲོང་ཁྱེར་སློབ་ཆུང་གཉིས་པའི“སའི་གོ་ལའི་གྲོང་ཚོའི་སྣོད་བཅུད་གླིང”འཛུགས་པའི་མཛད་སྒོའང་གཉེར་ཡོད། “སའི་གོ་ལའི་གྲོང་ཚོའི་སྣོད་བཅུད་གླིང”གི་འཛུགས་སྐྲུན་ལས་གྲོང་ཁྱེར་སློབ་ཆུང་གཉིས་པའི་ཁོར་ཡུག་སྲུང་སྐྱོང་སློབ་གསོའི་མཁྲེགས་ཆས་སྒྲིག་བཀོད་ལེགས་བཅོས་ནུས་ལྡན་བྱུང་སྟེ་ཁོར་ཡུག་སྲུང་སྐྱོང་སློབ་གསོའི་ཕྱོགས་བསྡུས་ལག་ལེན་བྱ་ཡུལ་དང་། སློབ་གྲྭའི་གད་སྙིགས་རིགས་དབྱེ་དང་སྐེ་དར་དམར་པོའི་འདེབས་འཛུགས་ཚོད་ལྟར་མཁྲེགས་ཆས་ཀྱི་འགན་སྲུང་དང་། ཁོར་ཡུག་སྲུང་སྐྱོང་གི་སློབ་གསོ་དང་དེའི་ཐད་ཀྱི་སློབ་ཚན་ཁྱབ་གདལ་ཆེད་ཕྱི་རོལ་གྱི་སློབ་ཚན་མཁོ་འདོན་བྱས་ཤིང་། རིག་ཚན(ཁོར་ཡུག་སྲུང་སྐྱོང་གི་སློབ་གསོ་དང་། ཚན་རིག མཛེས་རྩལ)བསྡུ་སྒྲིལ་སློབ་དཔྱོད་ཆེད་དོན་དངོས་ཀྱི་གཞི་འཛིན་ས་མཁོ་འདོན་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།