[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • སྡོང་ཕྲུག་ར་བའི་དཔལ་འབྱོར་ལ་བྱེད་རིན་ཆེན་པོ་ལྡན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ​ ལི་ཧའེ་དབྱིང་།    |    སྤེལ་དུས།   2019-09-20

    ནགས་ལས་ཐོན་སྐྱེད་ཁྲོད་ལྗོངས་ཡོངས་ཀྱི་སྡོང་ཕྲུག་ཐོན་ལས་ལ་ནུས་པ་གལ་ཆེན་ལྡན་ཡོད།

    ཉེ་བའི་ལོ་ཤས་རིང་བོད་ཀྱི“གཙང་པོ་གཉིས་དང་ཆུ་བོ་བཞིའི”ནགས་བཟོའི་འདུ་འགོད་དང་སྔོ་འགྱུར་རྣམ་གྲངས་ལག་ལེན་བསྟར་བ་དང་བསྟུན་ལྗོངས་ཡོངས་སུ་ནགས་བཟོ་སྔོ་འགྱུར་འདུ་འགོད་ཀྱི་སྡོང་ཕྲུག་འདེབས་འཛུགས་མི་འདང་བའི་སྟོང་ཆ་སྔར་བས་གསབ་ཤུགས་ཆེ་རུ་བཏང་ཞིང་སྡོང་ཕྲུག་ར་བའི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་ནི་ལྡོག་ཐབས་མེད་པ་ཞིག་རེད།

    སྨྱུག་འཛིན་པས་སྡོང་ཕྲུག་ར་བ་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་བྱེད་རིན་ཆེན་པོ་ལྡན་པའི་ངོས་འཛིན་བྱས་ཤིང་། གཞུང་ཁོངས་ཀྱི་སྡོང་ཕྲུག་ར་བར་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་བོད་རང་སྐྱོང་ལྗོངས་སུ་འཕེལ་རྒྱས་ཀྱི་མདུན་ལམ་ཡོད་པ་དང་རྨང་གཞིའི་ཆ་རྐྱེན་ལེགས་པའི་གཞུང་ཁོངས་ཀྱི་སྡོང་ཕྲུག་ར་བ་ཁག་བགོས་བསྐྱར་སྐྲུན་རྒྱས་སྐྲུན་བྱེད་དགོས།

    ཡུལ་དེ་གའི་ཤིང་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས་ཤིང་། བོད་ཀྱི་རང་བྱུང་ཆ་རྐྱེན་དང་གནམ་གཤིས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཡོད་པས་ནང་སའི་ཤིང་རིགས་ནང་འདྲེན་བྱས་པ་མང་པོ་ཞིག་ས་ཆུ་མ་འཕྲོད་པའི་གནས་ཚུལ་ཐོན་ནས་ཐོན་ཁུངས་འཕྲོ་བརླག་འགྲོ་གི་ཡོད། འོན་ཀྱང་དུས་མཚུངས་སུ་རང་ལྗོངས་ཀྱི་ཤིང་རིགས་མང་བ་དང་ཡུལ་དེ་གའི་ཤིང་རིགས་1500ལྷག་ཙམ་ཟིན་ཡོད་པས་། མ་དངུལ་བརྩོན་ལེན་ཧུར་ཐག་བྱས་ཏེ་ཡུལ་དེ་གའི་ནགས་ཤིང་འདེབས་འཛུགས་ཀྱི་ཐོན་ཁུངས་སྲུང་སྐྱོང་དང་། སོན་འདྲེན་འདུལ་སྦྱོང་། སྣ་ཁ་འདེམས་གསོ་བཅས་བྱེད་པར་གཙོ་གནད་ཐོག་སྤྱོད་པ་དང་། རང་སྐྱོང་ལྗོངས་ཀྱི་འདུ་འགོད་ནགས་བཟོར་མཁོ་བའི་སོན་བཟང་སྡོང་ཕྲུག་དང་། གསོན་ཚད་རིང་བའི་ཡུལ་དེ་གའི་ཤིང་རིགས། དཀོན་ལ་རྩ་ཆེ་བའི་ཤིང་རིགས་བཅས་གཙོ་གནད་ཐོག་འདེབས་རྒྱུར་རྒྱབ་སྐྱོར་བྱས་ནས། ཕྱི་ནས་ནང་འདྲེན་བྱས་པའི་ཤིང་རིགས་ཀྱི་ཚད་གཞི་ནན་དུ་གཏོང་དགོས། “ས་ཆ་དང་འཚམ་པ་དང་། ལྗོན་ཤིང་དང་འཚམ་པ། འདེབས་ཁུངས་དང་འཚམ་པ”བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས་ནགས་བཟོའི་འདུ་འགོད་ཀྱི་སྡོང་ཕྲུག་འཇུག་འཐུས་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་སྣོད་བཅུད་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས།

    མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་རྒྱུ་སྦྲེལ་ཚུགས་སུ་བྱས་ཤིང་། རང་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་ཉམས་ཞན་དང་བཟོ་ལས་འཕེལ་རྒྱས་ལ་ཚད་བཀག་ཕོག་ཡོད། མང་ཚོགས་ཀྱི་འབབ་འཕར་མང་ཆེ་བ་ནི་ཞིང་ལས་དང་། ནགས་ལས། འབྲོག་ལས། ཞོར་ལས། ཉ་ལས་བཅས་ལས་ཡོང་གི་ཡོད། སྡོང་ཕྲུག་ར་བ་སྐྲུན་སྐབས“ཚན་ཞིབ་སྒྲིག་གཞི་དང་། སྣེ་འདྲེན་ཁེ་ལས། དབུལ་སྐྱོར་གྲོང་ཚོའི་མཉམ་ལས་ཁང་། ཞིང་དུད་བཅས་ཟུང་དུ་འབྲེལ་བའི”ཐོན་ལས་འཕེལ་རྒྱས་བྱ་ཐབས་སྤྱད་ནས་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུའི་སྣེ་ཁྲིད་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།