[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • སྡོད་མལ་ཁོར་ཡུག་བཅོས་སྒྲིག་བྱས་། གྲོང་གསེབ་མཛེས་སྡུག་ལྷག་པར་ལྡན་།

    —— ལྷོ་ཁ་གྲོང་ཁྱེར་གྱི་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་ནས་བཀྲག་མདངས་ཡང་ཡང་འཚེར་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-10

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན“གསང་སྤྱོད་གསར་བརྗེ” དང་གྲོང་གསེབ་དར་རྒྱས་སོགས་ཀྱི་ལས་དོན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བས་ལས་དོན་ཁག་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

    དཔེ་སྟོན་སྣེ་ཁྲིད་བྱས་ཏེ་སྤྱི་ཡོངས་ནས་སྐུལ་འདེད་བཏང་བ།

    དེ་སྔོན་སྣེ་གདོང་ཆུས་ཀྱི་མངོན་གསལ་དོད་པོའི“ཞན་ཆ”ནི་བཙོག་ཟིང་ཞན་གསུམ་རེད། གནད་དོན་དེར་དམིགས་ནས་སྣེ་གདོང་ཆུས་ཀྱིས་མང་ཚོགས་སྒྲིག་འཛུགས་ཧུར་ཐག་བྱས་ཏེ། གྲོང་ཚོ(གྲོང་ལྷན)ཡི་ཁུག་ཀྱོག་དང་། ཆུ་ལམ། ཡུར་བུ་སོགས་གཙང་སེལ་བྱས་ཤིང་། ཁྲ་འབྲུག་གྲོང་རྡལ་ཚོད་ལྟ་བྱ་ཡུལ་དུ་བྱས་ནས་གད་སྙིགས་རིགས་དབྱེའི་དྲིལ་བསྒྲགས་ལས་དོན་སྤེལ་བ་རེད། དུས་མཚུངས་སྒྲིག་སྲོལ་ལམ་ལུགས་བཙུགས་ནས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་བྱེད་པ་དེ་གྲོང་སྲོལ་དམངས་ཆིངས་ནང་བཅུག་སྟེ། གཟའ་འཁོར་གཅིག་ལ་གཙང་འཕྱག་ཆུང་ངུ་གཅིག་དང་ཟླ་བ་གཅིག་ལ་གཙང་འཕྱག་ཆེན་པོ་གཅིག་གི་ལས་ཀའི་ལམ་སྲོལ་བཙུགས་པས། གྲོང་ཚོ་ཡོངས་སུ་འཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད། དེ་མིན་ད་དུང་སྣེ་གདོང་ཆུས་ཀྱིས་ན་ནིང་ཁྲ་འབྲུག་གྲོང་རྡལ་དང་རྡོ་ཕོ་བྲང་ཤང་གི་གད་སྙིགས་དབོར་འདྲེན་ས་ཚིགས་དང་ཡར་སྟོད་ཤང་གི་འཚོ་བའི་གད་སྙིགས་སྦ་ཡུལ་སྐྲུན་འགོ་ཚུགས་ཤིང་། ད་ཆ་བསྐྲུན་ཟིན་ནས་སྤྱོད་འགོ་ཡང་ཚུགས་ཡོད།

    ཉེ་བའི་ལོ་ཤས་རིང་། སྣེ་གདོང་ཆུས་ཀྱིས་ཁྲ་འབྲུག་གྲོང་རྡལ་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་དང་བཀྲ་ཤིས་ཐོགས་མེད་སྡེ་ཁུལ་དཔེ་སྟོན་དུ་བྱས་པ་དང་ཡར་སྟོད་ཤང་གི་གཡའ་བཟང་གྲོང་ཚོ་དང་ཆོས་སྡེ་གོང་གྲོང་ཚོ་སོགས་གྲོང་ཚོ(གྲོང་ལྷན)12གཙོ་གནད་དུ་བཟུང་ནས་གྲོང་ཚོའི་སྡོད་མལ་ཁོར་ཡུག་ལེགས་སུ་ཤུགས་ཆེན་བཏང་བ་རེད།

    ཞན་ཆ་གསབ་ནས་སྤུས་ཚད་མཐོ་རུ་བཏང་བ།

    གྲོང་གསེབ་མཛེས་དང་མ་མཛེས་དང་ཁོར་ཡུག་ལེགས་དང་མ་ལེགས་རྣམ་པ་ཙམ་མིན་པར་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་བྱ་བ་ཞིག་རེད།

    “དེ་སྔ་གནམ་དྭངས་པའི་སྐབས་སུ་གྲོང་ཚོར་ཐལ་རྡུལ་འཚུབ་པ་དང་། ཆར་པ་འབབ་པའི་སྐབས་སུ་འདམ་རྫབ་ཀྱིས་ཁེངས་པ། རླུང་བུ་ལྡང་རིམ་བཞིན་གད་སྙིགས་གང་སར་འཁྱེར་བ། བཙོག་ཆུ་གང་བྱུང་དུ་འཁྱིལ་བ། སྐྱག་གཅིན་གང་བྱུང་དུ་གཏོང་བ་སོགས་ཀྱི་རྣམ་པ་གང་སར་མཐོང་རྒྱུ་ཡོད། ད་ཆ་གནས་སྤོ་བྱ་ཡུལ་དུ་སྤྱི་པའི་གསང་སྤྱོད་གང་སར་མཐོང་རྒྱུ་ཡོད་ལ། གཙང་སྦྲའི་རླངས་འཁོར་དང་ཆུ་གཏོར་རླངས་འཁོར་གྱིས་ཀྱང་གཙང་སྦྲ་ཡང་ཡང་བྱེད་ཀྱི་ཡོད། ཁོར་ཡུག་ལེགས་སུ་སོང་བ་དང་ཆབས་ཅིག་མི་རྣམས་ཀྱང་དང་དོད་ཆེ་རུ་སོང་འདུག”ཅེས་རྒྱ་ཚ་རྫོང་གླིང་མདའ་ཤང་མགོན་ཁང་གྲོང་ཚོའི་མང་ཚོགས་ཉི་མས་བཤད།

    སྣོད་བཅུད་དང་འཚམ་པའི་གྲོང་གསེབ་དར་རྒྱས་བཏང་བ།

    རྒྱ་ཚ་རྫོང་གི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་ཡུལ་ཡིན་པའི་མགོན་ཁང་གྲོང་ཚོ་ནི་གྲོང་ཚོ་ཡོངས་གཅིག་གྱུར་འཆར་འགོད་དང་སྒྲིག་ཆས་ཆ་ལག་ཚང་བའི་དཔེ་སྟོན་གྲོང་ཚོ་ཞིག་རེད།

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས“གསང་སྤྱོད་གསར་བརྗེ”གཙོ་རྐང་དུ་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་དམ་འཛིན་དང་། ནང་ཁུལ་ནས་སྤུས་ཚད་མཐོ་རུ་གཏོང་བ། ཕྱི་ཕྱོགས་སུ་གཟུགས་བརྙན་གཏོད་པ་བཅས་བྱས་པ་བརྒྱུད། མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཆེ་རུ་ཕྱིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།