[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • མཛོ་སྒང་རྫོང་གིས“བྱེད་ཐབས་བཞི”ལ་བརྟེན་ནས་དམ་འཛིན་བྱས་ཏེ།

    ཁོར་ཡུག་སྲུང་སྐྱོང་གི“ཟངས་གྱང་ལྕགས་རྩིག”བརྟན་པོ་བསྐྲུན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-26

    ཉེ་བའི་ལོ་ཤས་རིང་། མཛོ་སྒང་རྫོང་གིས་ལས་ཀའི་བསམ་ཕྱོགས་མུ་མཐུད་ལེགས་སྒྱུར་གྱིས་ལས་ཀའི་བྱེད་ཐབས་གསར་གཏོད་དང“བྱེད་ཐབས་བཞི”ལ་བརྟེན་ནས་དམ་འཛིན་བྱས་ཏེ་ཁོར་ཡུག་སྲུང་སྐྱོང་གི“ཟངས་གྱང་ལྕགས་རྩིག”བརྟན་པོ་བསྐྲུན་པ་རེད།

    ལས་ཀའི་བསམ་ཕྱོགས་གསར་གཏོད་ཀྱིས་ཁོར་ཡུག་སྲུང་སྐྱོང་དཔུང་ཁག་གི་གཟུགས་བརྙན་གསར་པ་བཏོད་ཅིང་། དེ་སྔའི་ཁེ་ལས་ཚན་པར་ཞིབ་བཤེར་དང་ཁེ་ལས་ཚན་པར་ཆད་པ་གཅོད་པའི་བྱེད་སྟངས་བསྒྱུར་ནས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་འབྱུང་རྩ་ནས་འགྱུར་བ་བཏང་བ་དང་། འཛུགས་སྐྲུན་རྣམ་གྲངས་ཀྱིས་ཁོར་ཡུག་ལ་ཤུགས་རྐྱེན་བཟོ་མིན་གྱི་གདེང་འཇོག་དང“དུས་མཚུངས་གསུམ”གྱི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་པ། འཛུགས་སྐྲུན་རྣམ་གྲངས་ཀྱི་ཞིབ་མཆན་འགག་སྒོ་དང“དུས་མཚུངས་གསུམ”གྱི་ཞིབ་བཤེར་རྩིས་ལེན་གྱི་འགག་སྒོ་ནན་སྲུང་། འབྱུང་རྩ་ནས་སྦགས་བཙོག་ཚོད་འཛིན་མཐའ་གཅིག་ཏུ་བྱས་པ། ཞབས་འདེགས་ནས་འགོ་བཙུགས་ཏེ་ཞབས་འདེགས་ཞུ་རིང་ཁྲིམས་འཛིན་དང་ཁྲིམས་འཛིན་བྱེད་རིང་ཞབས་འདེགས་ཞུ་བ་མཐའ་འཁྱོངས་བྱས་ཏེ་ཁོར་ཡུག་གི་ཡིག་འབུལ་ངོ་བཅར“རེ་རེ་བཞིན་དོན་འཁྱོལ་དང་དོན་རེ་རེ་བཞིན་ལ་ལན་འཁྱོལ”བར་བྱས་པ་རེད།

    ཁོར་ཡུག་བཅོས་སྐྱོང་གི་ལས་དོན་སྤེལ་ནས་མངོན་གསལ་དོད་པའི་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱས་ཤིང་། རྫོང་གི་འཚོ་བའི་གད་སྙིགས་སྦས་ས་ཡག་པོ་མེད་པ་དང་གད་སྙིགས་སྦས་པ་ཚད་ལྡན་མིན་པ་སོགས་ཀྱི་གནད་དོན་ལ་གཞིགས་ནས། 2018ལོར་རང་སྐྱོང་ལྗོངས་ལ་སྦགས་བཙོག་བཅོས་སྐྱོང་རྣམ་གྲངས་2རེ་ཞུ་བྱས་པ་དང་། མིག་སྔར། སྦགས་བཙོག་བཅོས་སྐྱོང་རྣམ་གྲངས་གཉིས་དུས་འགོའི་དུས་མཚམས་སུ་སླེབས་ཁར་འབྲེལ་ཡོད་མ་དངུལ་དག་འབྲེལ་ཡོད་ཚན་པའི་ནོར་སྲིད་རྩིས་ཐོར་འབྱོར་ཡོད་པ་རེད།

    ལས་ཀའི་ལམ་སྲོལ་གསར་གཏོད་བྱས་པ་དང་ཁོར་ཡུག་སྲུང་སྐྱོང་ལས་ཀའི་བྱེད་ཐབས་ལེགས་སྒྱུར་བྱས་ཤིང་། “སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་ལམ་ལུགས་དང་ཟུང་འབྲེལ་གྱིས་མངོན་བཤེར་ལྐོག་ཞིབ་དང་། དུས་བཀག་སྐོར་ཞིབ་དང་དུས་ངེས་མེད་ཀྱི་འཐེན་བཤེར། རྒྱུན་གཏན་ཞིབ་བཤེར་དང་དུས་ཆེན་དང་མཚན་གུང་གི་འཕྲལ་རྒོལ་ཞིབ་བཤེར་སོགས་ལ་བརྟེན་ནས་བཙོག་འབུད་ཚན་པར་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་རེད། ཁོར་ཡུག་ཐད་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་སྦགས་བཙོག་ཁེ་ལས་ཚན་པའི་འགན་འཁུར་བ་སྐོང་འདྲི་བྱས་ནས་ཁོར་ཡུག་སྲུང་སྐྱོང་གི་སྲིད་ཇུས་དང་ཁྲིམས་སྲོལ་སྒྲོག་འགྲེལ་བྱས་ཏེ། ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་བཏང་བ་མ་ཟད། མིང་སྦྱར་སྒྲུབ་གཉེར་ལྟ་སྐུལ་དང་། དུས་བཀག་བཅོས་སྐྱོང་། མཚམས་འཇོག་དག་ཐེར་སོགས་བྱེད་ཐབས་རབ་དང་རིམ་པ་སྤྱད་ཅིང་། བརྒྱུད་རིམ་ཡོངས་ལ་ཁྲིམས་འགལ་ཁེ་ལས་ཀྱི་བཙོག་འབུད་ལ་རྗེས་སྙེག་བཅོས་སྒྲིག་བྱས་པ་དང་ཁེ་ལས་ལ་བཅོས་སྐྱོང་བྱེད་ཚད་མགྱོགས་སུ་བཏང་ནས། དག་ཐེར་མཐར་ཕྱིན་དང་མི་མངོན་པའི་རྐྱེན་ངན་མི་ལུས་པའི་འགན་ལེན་བྱས་པ་རེད། 2018ལོར་ཚན་པ་20ལྷག་ལ་ཞིབ་བཤེར་དང་ཁྲིམས་འཛིན་པ་མི་ཐེངས་80ལྷག་ཙམ་མངགས་ཏེ་ཁོར་ཡུག་ཐད་ཀྱི་ཁྲིམས་འགལ་གྱོད་གཞི་2ཞིབ་བཤེར་ཐག་གཅོད་ཀྱིས་སྲིད་འཛིན་གྱི་ཆད་པ་སྒོར་ཁྲི་22བཅད་པ་རེད།

    དྲིལ་བསྒྲགས་རྒྱ་ཁྱབ་བྱས་ཏེ་དམངས་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་བཏང་ཞིང་། ཁོར་ཡུག་སྲུང་སྐྱོང་ལྟེ་གནས་ཀྱི་ལས་དོན་ལ་དམ་པོར་དམིགས་པ་དང་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་རྫོང་གཏོད་པ་བརྗོད་དོན་གཙོ་བོར་བྱས་ནས་རྫོང་བརྙན་འཕྲིན་ལས་ཁུངས་དང་། སྲིད་གཞུང་གི་སྐད་འཕྲིན་སྤྱི་རྟགས་སོགས་སྨྱན་སྦྱོར་ནས་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་ཆེད་སྒྲོམ་བཟོས་པ་མ་ཟད། རྫོང་གི་དར་དམར་ཐང་ཆེན་གྱི་LEDབརྙན་ཤེལ་ནས་དུས་བཀག་ལྟར་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་བརྙན་ཐུང་སྟོན་གྱི་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།