[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ཆབ་མདོས་ཆུའི་ཁོར་ཡུག་བཅོས་སྒྲིག་ལ་མུ་མཐུད་ཤུགས་སྣོན་བརྒྱབ་པ།

    ཆུ་ཡུར་སྤྱི་ལེ་3000ལྷག་ཙམ་གཙང་བཤངས་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-29

    ཆུ་དཔོན་ལམ་ལུགས་ཀྱི་ལས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཚུན་ཆབ་མདོ་གྲོང་ཁྱེར་གྱིས་གཙང་པོ་རྒྱུག་ཁུལ་དང་མཚེའུ་ཡི་ངོགས་ཀྱི་གད་སྙིགས་གཙང་སེལ་དང་། འཐུང་ཆུའི་ཆུ་ཁུངས་ལ་ཆེད་དོན་ཞིབ་བཤེར། ཆུ་ཡུར་ཧམ་བཟུང་གི་གནད་དོན་གྲལ་བཤེར་བཅོས་སྒྲིག ཉེན་ཡོད་ཟོག་རོས་ཁོར་ཡུག་ལ་གཏོར་སྐྱོན་བཏང་བའི་ཁྲིམས་འགལ་བྱེད་སྤྱོད་གྲལ་བཤེར་སོགས་ཀྱི་ལས་དོན་ཤུགས་ཆེན་སྤེལ་བ། ཆུའི་ཁོར་ཡུག་བཅོས་སྒྲིག་ལ་སྐུལ་འདེད་བཏང་བར་ཕན་འབྲས་ཐོན་པ་རེད།

    མིག་སྔའི་བར། གྲོང་ཁྱེར་ཡོངས་ཀྱིས་མི་ཁྲི་4ལྷག་ཙམ་སྒྲིག་འཛུགས་བྱས་ནས་གཙང་པོའི་རྒྱུག་ཁུལ་དང་མཚེའུ་ཡི་ངོགས་ཀྱི་གད་སྙིགས་གཙང་སེལ་ལས་དོན་ནང་ཞུགས་ཏེ་ཆུ་ཡུར་སྤྱི་ལེ་3000ལྷག་ཙམ་དང་གད་སྙིགས་ཏུན་650ལྷག་ཙམ་གཙང་བཤངས་བྱས་སྟེ་རིམ་པ་ཁག་གི་ཆུའི་ཁོར་ཡུག་གི་བདེ་འཇགས་འགན་ལེན་ནུས་ལྡན་ཐུབ་པ་དང་། གྲོང་ཁྱེར་ཡོངས་ཀྱི་རྫོང་གྲོང་དང་མཐའ་འཁོར་གྱི་བཙོག་ཆུ་རྒྱུག་ས་ཁྲིམས་བཞིན་ཐོ་འགོད་ལས་དོན་སྤེལ་བ་དང་། དེ་བཞིན་གྲོང་གསེབ་ཀྱི་འཐུང་ཆུའི་སྤུས་ཚད་ཀྱི་མ་དཔེ་463ལ་ཞིབ་དཔྱད་ཚད་ལེན་བྱེད་པའི་ལས་དོན་ལེགས་གྲུབ་བྱས་པ། མ་དངུལ་སྒོར་ཁྲི་30ཙམ་བཏང་ནས་ཆུ་ཡུར་ཧམ་བཟུང་གི་གནད་དོན་བཅོས་སྒྲིག་དང་སླར་གསོའི་ལས་དོན་སྤེལ་འགོ་བཙུགས་པ་མ་ཟད། གྲོང་ཁྱེར་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་76དང་། འཕྲུལ་སྒུལ་འཁོར་རིགས་ཉམས་བཟོ་ཁང་229 ཅ་དངོས་རྙིང་པ་བསྡུ་ཉོའི་ས་ཚིགས་19 གད་སྙིགས་སྦས་ཡུལ་11 ཁེ་ལས་6གི་ཉེན་ཡོད་དངོས་པོ་དང་། ཉར་ཚགས། སྤོ་བསྒྱུར། ཐག་གཅོད་དང་དེ་བཞིན་ཁྲིམས་མཐུན་གཉེར་སྐྱོང་གནས་ཚུལ་ལ་ཕྱོགས་ཡོངས་ནས་མཐིལ་རྟོགས་གྲལ་བཤེར་བྱས་པ་དང་། དུས་མཚུངས་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་ནང་ཁྲིམས་འགལ་ངང་ཉེན་ཡོད་བེད་མེད་དངོས་པོ་བསྐྱུར་བ་སོགས་ལས་ཁོར་ཡུག་ལ་གཏོར་སྐྱོན་བཏང་བའི་ཁྲིམས་འགལ་ཉེས་གསོག་ལ་ཆེད་དོན་བཅོས་སྒྲིག་བྱེད་པའི་བྱ་སྤྱོད་ཐེངས་བཞི་སྤེལ་བ་མ་ཟད། ཉེན་ཁ་ཡོད་པའི་རྫས་འགྱུར་དངོས་པོ་ཆུའི་ནང་འདྲེས་པའི་གྱོད་གཞི་སྔོན་འགོག་ཏན་ཏིག་བྱས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།