[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་དམ་འཛིན་ཏན་ཏིག་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཝང་ཡུས་ཧྥེ།    |    སྤེལ་དུས།   2019-02-11

    དུས་ཡུན་རིང་པོའི་ནང་། རང་ལྗོངས་ཀྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་བྱ་ཐབས་སྣ་མང་སྤྱད་ནས་ལས་དོན་ཡག་པོ་བསྒྲུབས་པས། ཕན་འབྲས་ཀྱང་བཟང་པོ་ཐོབ་པ་རེད།

    སྨྱུག་འཛིན་པས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབ་པར་སྔོན་ལ་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས། ས་ཁུལ་ཁག་གིས་ཡུལ་སྐོར་སྣོད་བཅུད་སྲུང་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་འབྲེལ། དུས་ཚོད་གཏན་འཁེལ་གྱིས་ཡུལ་སྐོར་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་མཐུན་སྦྱོར་ཚོགས་འདུ་འཚོགས་ནས་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་ལས་དོན་ཁྲོད་གནས་པའི་གནད་དོན་ཞིབ་འཇུག་ཐག་གཅོད་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།

    སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབ་པར་ཁྱོན་ཡོངས་ནས་སྐོར་བཤེར་བྱས་ཏེ་ཁུག་ཆ་མ་ལུས་པ་བྱེད་དགོས། ས་ཁུལ་ཁག་གིས་ཁོར་ཡུག་སྲུང་སྐྱོང་དང་སྡོད་ཁང་འཛུགས་སྐྲུན་སོགས་ཀྱི་སྡེ་ཚན་ལ་དུས་ཚོད་ངེས་མེད་ངང་ལྟ་བཤེར་བྱེད་པ་དང་། ལས་བྱེད་པས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཐད་འགན་ནུས་སྒྲུབ་ཚུལ་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་ནས་ཤེས་རྟོགས་བྱུང་བའི་གནས་ཚུལ་ལ་གསེད་བཀྲོལ་རིགས་དབྱེ་དང་དག་ཐེར་བྱེད་དགོས་པའི་བཀའ་གཏོང་དགོས།

    སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབ་པར་ཁོར་ཡུག་སྲུང་སྐྱོང་ཐད་ནོར་སྲིད་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་དགོས། ས་ཁུལ་ཁག་གིས་ཁོར་ཡུག་སྲུང་སྐྱོང་དོ་དམ་ལས་དོན་དང་། ཁོར་ཡུག་ལྟ་ཞིབ་དང་ལྟ་བཤེར། སྦགས་བཙོག་འགོག་བཅོས། རང་བྱུང་སྣོད་བཅུད་སྲུང་སྐྱོང་། བཙོག་འབུད་ཉུང་གཏོང་སོགས་ཀྱི་འགྲོ་གྲོན་ལ་གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་དགོས།

    སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབ་པར་ཁོར་ཡུག་སྲུང་སྐྱོང་དྲིལ་བསྒྲགས་བྱེད་སྟངས་སྣ་ཚོགས་ལ་ཤུགས་སྣོན་བརྒྱབ་ནས་ཡ་རབས་དང་། བདེ་ཐང་། ཁྲིམས་སྲུང་བཅས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་ཡུལ་སྐོར་འདུ་ཤེས་འབོད་སྐུལ་ཧུར་ཐག་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།