[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • བོད་ཀྱིས་ཇོ་མོ་གླང་མའི་རི་འཛེག་ཁུལ་གྱི་གད་སྙིགས་དོ་དམ་ལ་ཤུགས་སྣོན་བརྒྱབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-02-01

    ཉེ་ཆར། 《ཇོ་མོ་གླང་མའི་རི་འཛེག་ཁུལ་གྱི་གད་སྙིགས་དོ་དམ་བྱ་ཐབས》ཀྱི་བསམ་འཆར་བསྡུ་ལེན་གྱི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ་དང་། དེའི་དམིགས་ཡུལ་ནི་རི་འཛེག་ཁུལ་གྱི་གད་སྙིགས་དོ་དམ་ལས་དོན་གྱི་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་ལམ་ལུགས་ཐོག་ནས་ཇོ་མོ་གླང་མའི་རི་འཛེག་ཁུལ་གྱི་གད་སྙིགས་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་རེད།

    2008ལོར་བོད་ལྗོངས་རི་འཛེག་མཐུན་ཚོགས་དང་བོད་ལྗོངས་རི་འཛེག་མྱུལ་དཔྱད་ཞབས་ཞུ་ཀུང་སིས་ཐུན་མོང་ཐོག་བོད་ལྗོངས་ཧི་མ་ལ་ཡའི་རི་མཐོའི་ཁོར་ཡུག་སྲུང་སྐྱོང་ཐེབས་རྩ་ལྷན་ཚོགས་བཙུགས་པ་དང་། ཁོར་ཡུག་སྲུང་སྐྱོང་གི་དང་བླངས་བྱེད་སྒོ་སྤེལ་བ། གྲགས་ཅན་ཁེ་ལས་མཁས་ཅན་དེའི་ནང་ཞུགས་པ། སྤྱི་ཚོགས་ཀྱི་སྟོབས་ཤུགས་རི་མཐོའི་ཁོར་ཡུག་སྲུང་སྐྱོང་ནང་ཞུགས་རྒྱུར་སྐུལ་ཁྲིད་བཅས་བྱས་པ་མ་ཟད། ཇོ་མོ་གླང་མའི་གད་སྙིགས་གཙང་སེལ་བྱེད་སྒོ་སྤེལ་ནས་རི་འཛེགས་མཁན་ཚོད་འཛིན་བྱས་ཏེ་རི་འཛེག་བྱེད་སྒོས་ཇོ་མོ་གླང་མའི་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཚད་ཆུང་དུ་གཏོང་གང་ཐུབ་བྱས་ཡོད། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཉི་མ་ཚེ་རིང་གིས་2006ལོར་གྲོས་འཆམ་བྱུང་བའི《བོད་རང་སྐྱོང་ལྗོངས་རི་འཛེག་སྲོལ་ཡིག》ནང་ཁོར་ཡུག་སྲུང་སྐྱོང་གི་འབྲེལ་ཡོད་བླང་བྱ་ཁ་གསལ་བཟོས་ཡོད། ལོ་བཅུ་ལྷག་ཙམ་རིང་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་རི་རྩེའི་གད་སྙིགས་གཙང་སེལ་གྱི་བྱེད་སྒོ་ཐེངས་མང་སྤེལ་བར་རྒྱལ་ཁབ་ཕྱི་ནང་གི་རི་འཛེག་ལ་དགའ་པོ་ཡོད་མཁན་གྱི་བསྔགས་བརྗོད་ཐོབ་ཡོད་ཅེས་བརྗོད།

    “ལོ་ལྟར་ཇོ་མོ་གླང་མར་འཛེག་པའི་ཞབས་ཞུ་སྣེ་ལེན་གྱི་དུས་ཚོད་དཔྱིད་ཀར་གཏན་འཁེལ་བྱས་པ་དང་རི་འཛེག་མི་གྲངས་300ཙམ་དུ་ཚོད་འཛིན་བྱེད་ཀྱི་ཡོད”ཅེས་ཉི་མ་ཚེ་རིང་གིས་བརྗོད་ཅིང་། 2019ལོར་རི་འཛེག་དོ་དམ་བྱ་ཐབས་འཐུས་སྒོ་ཚང་དུ་བཏང་ནས་རི་འཛེག་བྱ་གཞག་ཚད་ལྡན་ངང་འཕེལ་རྒྱས་གཏོང་བ་དང་། རི་འཛེག་ཞབས་ཞུའི་ཚད་གཞི་བཟོ་བ། རི་འཛེག་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་རི་འཛེག་ཐོན་ལས་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།