[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • བོད་ལྗོངས་ཀྱིས་འཐུང་ཆུའི་ཆུ་འགོའི་ཁོར་ཡུག་གི་གནད་དོན་བཅོས་སྒྲིག་ཤུགས་ཆེན་བྱེད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-22

    སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་རྒྱུའི་སྐོར་གྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་འཐུང་ཆུའི་ཆུ་འགོའི་ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་མགྱོགས་པོ་བྱ་ཆེད། རང་ལྗོངས་ཀྱིས་སྣོད་བཅུད་ཁོར་ཡུག་པུའུ་དང་ཆུ་བེད་པུའི་བླང་བྱ་གཞིར་བཟུང་། “དབྱེ་འབྱེད་དང་། འཛུགས་པ། བཅོས་སྒྲིག”(སྲུང་སྐྱོང་ཁུལ་དབྱེ་འབྱེད་གཏན་འཁེལ་དང་། ས་མཚམས་ཀྱི་མཚོན་རྟགས་འཛུགས་པ། ཁྲིམས་འགལ་གྱི་གནད་དོན་གཙང་སེལ་བཅོས་སྒྲིག)གི་གཙོ་གནད་ལས་འགན་ཁག་གསུམ་ལ་དམ་པོར་དམིགས་ཏེ་གྲོང་ཁྱེར་དང་ས་ཁུལ་ཁག་སྒྲིག་འཛུགས་ནན་ཏན་བྱས་ནས་འཐུང་ཆུའི་ཆུ་འགོའི་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་བྱ་སྤྱོད་སྤེལ་ཏེ་འཐུང་ཆུའི་ཆུ་འགོའི་སྲུང་སྐྱོང་ཁུལ་ནང་གི་ཁོར་ཡུག་གི་གནད་དོན་མུ་མཐུད་བཅོས་སྒྲིག་ཤུགས་ཆེན་བྱས་པ་རེད། 

    ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་9ཚེས་7ནས་ཟླ་9ཚེས་14ཉིན་བར་སྣོད་བཅུད་ཁོར་ཡུག་པུས་ལྟ་བཤེར་ཚོགས་ཆུང་མངགས་ནས་རང་ལྗོངས་ཀྱི་ས་ཁུལ་རིམ་པའི་ས་ངོས་ཆུའི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོ་4ལ་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་ལྟ་བཤེར་བྱས་པ་རེད། གྲོང་ཁྱེར་དང་ས་ཁུལ་ཁག་གིས་ད་ཐེངས་ཀྱི་འཐུང་ཆུའི་ཆུ་འགོའི་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་ལྟ་བཤེར་དང་ཟུང་འབྲེལ་བྱས་ནས་ཁོངས་གཏོགས་ཁུལ་གྱི་ས་ངོས་ཆུའི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོར་ཁོར་ཡུག་གནད་དོན་བཅོས་སྒྲིག་གི་ལས་དོན་སྤེལ་ཞིང་། མིག་སྔའི་བར་རང་ལྗོངས་ཀྱིས་ཞིབ་ཕྲའི་ཁོར་ཡུག་བཅོས་སྒྲིག་ལས་དོན་ཁག་15ལེགས་སྒྲུབ་ཟིན་པ་དང་དེ་བྱིངས་ཀྱི་གནད་དོན་རྣམས་དུས་ཚོད་དམ་འཛིན་གྱིས་བཅོས་སྒྲིག་བྱེད་བཞིན་ཡོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།