[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ལྷ་ས་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱིས་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་ཏང་འཛུགས་སྐྱོང་ལས་དོན་ཤུགས་ཆེར་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-03

    ལྷ་ས་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱིས《ལྷ་ས་གྲོང་ཨུད་ཀྱི་ཏང་འཛུགས་སྐྱོང་ལས་དོན(གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ཚུད་པ)གྱི་འགོ་ཁྲིད་ཚོགས་ཆུང་གི་2018ལོའི་ལས་ཀའི་གཙོ་གནད》《ལྷ་ས་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱི་2018ལོའི་ཏང་འཛུགས་སྐྱོང་ལས་དོན་གྱི་ལག་བསྟར་བསམ་འཆར》སོགས་ཀྱི་ཡིག་ཆའི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ནས་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་པ་རེད།

    སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ནང་། ལྷ་ས་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས་ཏང་ཀྲི་པུའུ་གཉིས་པས་ཅུས་ཀྱི་ཁོར་ཡུག་ལྟ་བཤེར་ཉིང་ལག་རུ་ཁག་དང་ཁོར་ཡུག་ལྟ་ཞིབ་ཚད་ལེན་ས་ཚིགས་ཁོངས་མི་གཙོ་བོར་བྱས་ཏེ་འབྲེལ་ཡོད་ཡིག་ཆའི་དགོངས་དོན་སློབ་སྦྱོང་ནན་ཏན་བྱེད་པ་དང་འབྲེལ་ཏང་ཡོན་ལས་བྱེད་པར་དུས་དང་རྣམ་པ་ཀུན་དུ་རིམ་ཁག་སྒྲིག་བཤེར་སྡེ་ཚན་གྱིས་ཞིབ་བཤེར་ཐག་གཅོད་བྱས་པའི་རུལ་སུངས་གྱོད་གཞིའི་བསླབ་བྱ་དང་ལེན་བྱེད་པ། ཏང་སྲོལ་སྲིད་གཙང་གི་ལྟ་བ་འཛུགས་པ། སློབ་སྦྱོང་བརྒྱུད་རྒྱ་ཆེའི་ཏང་ཡོན་གྱིས་ཏང་འཛུགས་སྐྱོང་ལས་དོན་དོན་འཁྱོལ་ནན་པོ་དང་བསླུ་བྲིད་སྣ་ཚོགས་གཏན་འགོག་ཐུབ་པ་བྱས་ཏེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་བཅས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་འཛིན་དང་ལྟ་ཞིབ་ཚད་ལེན་གྱི་དཔུང་ཁག་གཅིག་གཏོད་རྒྱུར་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།