[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • བོད་ཀྱིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་དག་ཐེར་གནད་དོན་གྱི་རྩིས་ཐོ་སུབ་པའི་ལས་དོན་ཚད་ལྡན་དུ་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-07-14

     ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་གྱི་ཚུར་ལན་གནད་དོན་དག་ཐེར་ལས་དོན་ཡག་པོ་བསྒྲུབས་ནས་ལྟ་བཤེར་དག་ཐེར་གྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་བཏང་སྟེ་དུས་བཀག་ནང་སྤུས་ཚད་མཐོ་པོས་དག་ཐེར་ལས་འགན་ཁག་ལེགས་གྲུབ་བྱ་ཆེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་དག་ཐེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས《བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་དག་ཐེར་གནད་དོན་གྱི་རྩིས་ཐོ་སུབ་པའི་ལས་ཀའི་ཚད་གཞི》ཞིབ་འཇུག་བྱས་ནས་བཟོས་པ་རེད།

    《ཚད་གཞི》ཡི་ནང་རྩིས་ཐོ་སུབ་པའི་ལས་དོན་ཐད“གཏོགས་ཁོངས་དོ་དམ་དང་། ལས་རིགས་ལྟ་སྡོམ། དངོས་ཐོག་བདེན་འཚོལ། བདེན་པ་བདེན་ཐུབ། དུས་ཚད་ནན་པོ། རིམ་བཞིན་དོ་དམ”བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་དག་ཐེར་ལས་འགན་ལེགས་གྲུབ་ཀྱི་སྤུས་ཚད་འགག་སྒོ་དང་རྩིས་ཐོ་སུབ་པའི་འགག་སྒོ་ནན་པོ་བསྲུངས་ནས་དག་ཐེར་གྱི་གཏན་འཁེལ་དུས་ཚད་ནང་ལྗོངས་ཡོངས་ཀྱི་ཞིབ་ཕྲའི་དག་ཐེར་བྱ་ཐབས་179ཚང་མ་དག་ཐེར་དོན་འཁྱོལ་ཡོང་བ་བྱེད་དགོས་པ་མ་ཟད། རེ་རེ་བཞིན་རྩིས་ཐོ་སུབ་ནས་ཐོ་འགོད་སྙན་སེང་དང་དངོས་ཐོག་བདེན་འཚོལ་ངང་དག་ཐེར་ཕན་འབྲས་གོང་ཞུ་བྱེད་པ་དང་། དག་ཐེར་ཐོ་སུབ་ཀྱི་རྒྱུ་མཚན་གསལ་པོ་དང་། དཔང་རྟགས་ཁུངས་བཙན། འདེགས་སྐྱོར་ནུས་ལྡན་བཅས་ཡོང་བ་བྱས་ཏེ་དག་ཐེར་འབྲས་བུར་ཀྲུང་དབྱང་ཁོར་ཡུག་ལྟ་བཤེར་གྱི“ཕྱིར་མིག་ལྟ་བའི”ཚོད་བགམ་ཐེག་པ་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་མི་དམངས་མང་ཚོགས་ཀྱི་ཚོད་བགམ་ཐེག་པ་བྱེད་དགོས་པ་ཁ་གསལ་བཏོན་ཡོད་པ་རེད།

    《ཚད་གཞི》ཡི་ནང་ལྗོངས་ཡོངས་ཀྱི་དག་ཐེར་ལས་འགན་45དང་ཞིབ་ཕྲའི་དག་ཐེར་བྱ་ཐབས་179ཕྱོགས་སྡོམ་དབྱེ་ཞིབ་བྱས་པ་དང་། སྲིད་ཇུས་ཀྱི་བྱ་ཐབས་དང་། ལས་གྲྭའི་བྱ་ཐབས། ལྟ་སྡོམ་བྱ་ཐབས། ཞིབ་བཤེར་ཐག་གཅོད་བྱ་ཐབས། འགན་འཁྲི་བདའ་འདེད་གཏོང་ཐབས་བཅས་རིགས་5ཡི་ཚད་གཞི་གཞིར་བཟུང་། དག་ཐེར་བྱ་ཐབས་ལེགས་གྲུབ་བྱུང་མིན་གཏན་འཁེལ་བྱེད་པའི་ཚད་གཞི་ཁ་གསལ་བཏོན་ཡོད། རྩིས་ཐོ་སུབ་པའི་ལས་ཀའི་བརྒྱུད་རིམ་བཟོས་པ་དང་། དུས་བཀག་ནང་ཐག་བཅད་ཟིན་པ་དང་། ཞིབ་བསྡུར་ཁས་ལེན། སྨྱན་སྦྱོར་ཐོག་ཡོངས་བསྒྲགས། རྩིས་ཐོ་སུབ་པའི་རྩིས་ཁྲ་ལེགས་སྒྲིག་གོང་འབུལ། རྩིས་ཐོ་སུབ་པའི་རྩིས་ཁྲར་ཞིབ་བཤེར། ཐོ་འགོད་སྙན་སེང་དོ་དམ་བཅས་ལྷུ་ཚིགས་6གི་ལས་ཀའི་ཞིབ་ཕྲའི་བླང་བྱ་ཁ་གསལ་བཏོན་པ་དང་ལྷག་པར་དུ་དག་ཐེར་ལས་འགན་དུས་བཀག་ནང་ལེགས་སྒྲུབ་ཟིན་རྗེས་དག་ཐེར་གྱི་འགན་འཁྲིའི་ཚན་པ་ཁག་གིས་དག་ཐེར་བྱ་ཐབས་ཀྱི་གསལ་ཐོ་རེ་རེ་བཞིན་ཞིབ་བསྡུར་བྱས་ནས་རང་འགུལ་ངང་ཞིབ་བསྡུར་གཏན་འཁེལ་ལས་དོན་སྒྲིག་འཛུགས་བྱེད་དགོས་པའི་ནན་བཤད་བྱས་ཡོད། ཞིབ་བསྡུར་ཚད་ལོན་ཚེ་གཞི་ནས་དག་ཐེར་བྱས་ཟིན་པའི་ཁས་ལེན་བྱེད་ཀྱི་ཡོད། དུས་བཀག་ནང་བླང་བྱ་བཞིན་དག་ཐེར་ལས་འགན་བསྒྲུབས་པ་མ་ཟད། ཞིབ་བསྡུར་གཏན་འཁེལ་ཚད་ལོན་རིགས་ལ“ཡོངས་བསྒྲགས་ལ་བརྟེན་ནས་དག་ཐེར་ལ་སྐུལ་འདེད་དང་ལྟ་སྐུལ་ལ་བརྟེན་ནས་དངོས་ཕན་ལ་སྐུལ་འདེད་གཏོང་བའི”དག་ཐེར་བླང་བྱ་གཞིར་བཟུང་དག་ཐེར་ལས་འགན་དང་། དམིགས་ཚད། བྱ་ཐབས། འགན་འཁུར་བ། འགན་འཁུར་ཚན་པ། དག་ཐེར་གྱི་ལས་དོན་གཙོ་བོ་དང་ཕན་འབྲས་བཅས་ཡོངས་བསྒྲགས་བྱས་ཏེ་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།