[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་ཐེངས་གསུམ་པས་ལྷོ་ཁར་ལྟ་བཤེར་ལས་དོན་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-07-10

     ཚེས་7ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་ཐེངས་གསུམ་པས་ལྷོ་ཁར་མཇལ་འཕྲད་ཚོགས་འདུ་དང་སྐུལ་སློང་སྙན་སེང་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་ཐེངས་གསུམ་པའི་ཙུའུ་ཀྲང་ནོར་བུ་དོན་གྲུབ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལྷོ་ཁ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཞུས་ཁྲེང་ཚང་གིས་ལྷོ་ཁ་གྲོང་ཁྱེར་གྱི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཚུར་ལན་གནད་དོན་དག་ཐེར་དང་ཁོར་ཡུག་སྲུང་སྐྱོང་ལས་དོན་སྤེལ་ཚུལ་སྙན་སེང་ཞུས་པ། ལྟ་བཤེར་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཚེ་རིང་དབྱང་འཛོམས་ཀྱིས་ལྟ་བཤེར་གྱི་གཙོ་གནད་དང་ལས་ཀའི་བླང་བྱ་བརྡ་ཁྱབ་བཏང་བ་རེད། 

    རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་ཐེངས་གསུམ་པ་དང་། ལྷོ་ཁ་གྲོང་ཁྱེར་གྱི་འགོ་ཁྲིད་གཙོ་བོ། འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བློ་མཐུན་བཅས་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས་པ་རེད། ཚོགས་འདུ་འཚོགས་པ་ལས་ལྟ་བཤེར་ལས་དོན་དངོས་སུ་འགོ་ཚུགས་པ་མཚོན་ཡོད།

    ནོར་བུ་དོན་གྲུབ་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་2018ལོའི་རང་སྐྱོང་ལྗོངས་རིམ་པའི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལས་དོན་སྤེལ་རྒྱུའི་གཏན་འཁེལ་བྱས་པ་དེ་ནི་ཁྲིམས་ལྟར་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཁོར་ཡུག་སྲུང་སྐྱོང་གི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ལ་ལྟ་སྐུལ་དོ་དམ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་དང་། ས་གནས་ལ་གནས་པའི་མངོན་གསལ་དོད་པའི་ཁོར་ཡུག་གི་གནད་དོན་ཐག་གཅོད་མགྱོགས་མྱུར་བྱས་ཏེ་ཁོར་ཡུག་སྲུང་སྐྱོང་གི་གཙོ་གནད་ལས་འགན་དང་། དམིགས་ཚད། སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་ཐུབ་པ་བྱེད་ཐབས་གལ་ཆེན་ཞིག བོད་ལྗོངས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་དུ་སྐྲུན་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་བཅས་ཡིན་པའི་ནན་བཤད་གནང་བ་རེད། ཁོང་གིས་ལྷོ་ཁ་གྲོང་ཁྱེར་གྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་དགོངས་པ་དོན་འཁྱོལ་བྱེད་པའི་མཐོ་ཚད་ནས་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་དང་། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་སྐྲུན་པའི་འཐབ་ཇུས་ཀྱི་སྤྱི་ཡོངས་ལ་དམིགས་ཏེ་འགན་འཁྲི་ཁུར་ནས་དོན་འཁྱོལ་ལ་དམ་འཛིན། ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་འཐབ་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ་རང་འགུལ་ངང་གཞོགས་འདེགས་བྱས་ནས་དོན་འཁྱོལ་ལ་དམ་འཛིན་བཅས་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།