[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ཁོར་ཡུག་སྲུང་སྐྱོང་སྐོར་དྲིལ་བསྒྲགས་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-29

    ཁོར་ཡུག་སྲུང་སྐྱོང་དྲིལ་བསྒྲགས་བྱེད་ཤུགས་སྔར་བས་ཆེ་རུ་དང་དམངས་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་ཆེད། མལ་གྲོ་གུང་དཀར་རྫོང་གིས་བོད་ལྗོངས་ཧྭ་ཐའེ་ལུང་གཏེར་ལས་གསར་སྤེལ་ཚད་ཡོད་ཀུང་སི་དང་མཉམ་འབྲེལ་བྱས་ཏེ“མཛེས་སྡུག་ལྡན་པའི་མལ་གྲོ། ང་ནི་བྱ་སྤྱོད་སྤེལ་མཁན་ཡིན”ཞེས་པའི་དྲིལ་བསྒྲགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ཏེ་ཁོར་ཡུག་སྲུང་སྐྱོང་བྱེད་སྒོ་སྤེལ་ཞིང་།

    526010_yis_1529990102191_s.jpg

    འདི་ནི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    ཉིན་ཤས་བསྟུད་མར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྐྱེད་ཚལ་ཀུང་སིས་ལས་དོན་པ་སྒྲིག་འཛུགས་བྱས་ནས་ལྷ་ཀླུའི་འདམ་ར་དང་མཐའ་འཁོར་དུ་སྣོད་བཅུད་སླར་གསོ་དང་སྔོ་ཁེབས་འཛུགས་པའི་ལས་དོན་སྤེལ་བས། འདམ་ར་དང་ཉེ་འཁོར་གྱི་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་པ་མ་ཟད། འདམ་རས་ལྷ་སའི་གནམ་གཤིས་སྙོམས་སྒྲིག་དང་། ཐལ་རྡུལ་འགོག་པ། གྲོང་ཁུལ་མཛེས་སུ་གཏོང་བ། གྲོང་ཁུལ་གྱི་མཁའ་རླུང་གི་བཞའ་ཚན་འཕེལ་བ་དང་གསོ་རླུང་གསབ་པ་སོགས་ཀྱི་ནུས་པ་ཆེ་རུ་ཕྱིན་ཡོད།

    526007_yis_1529990098900_s.jpg

    འདི་ནི་སྐྱེད་ཚལ་བཟོ་པས་ལྷ་ཀླུ་འདམ་རའི་འགྲམ་དུ་རྩྭ་འདེབས་བཞིན་པ།

    གྲོང་གསེབ་ཀྱི་འཚོ་གནས་ཁོར་ཡུག་ལེགས་སུ་བཏང་ནས་སྡོད་མལ་ལ་འཚམ་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་རྒྱུ་ནི་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་ལེན་བསྟར་བའི་ལས་འགན་གལ་ཆེན་ཞིག་ཡིན་པ་དང་། མལ་གྲོ་གུང་དཀར་རྫོང་གིས་གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དེ་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་གྱི་ནང་དོན་གལ་ཆེན་ལ་བརྩིས་ཏེ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཞིང་། 

    526008_yis_1529990099617_s.jpg

    འདི་ནི་རྫོང་དེས་གྲོང་ཚོའི་རྣམ་པ་ལེགས་སུ་གཏོང་བཞིན་པ།

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ནོར་སྟོད་སྡེ་ཁུལ་ཏང་ཀྲི་པུས་ཁོངས་གཏོགས་ཁུལ་གྱི་ཏང་ཡོན་དང་བླངས་པ་སྒྲིག་འཛུགས་བྱས་ཏེ“ཏང་ཡོན་གྱིས་ཁོར་ཡུག་སྲུང་སྐྱོང་དང་སྔོ་འགྱུར་བྱ་སྤྱོད་སྤེལ”ཞེས་པའི་བརྗོད་དོན་གཙོ་བོའི་ཁོར་ཡུག་གཙང་སྦྲའི་བྱེད་སྒོ་སྤེལ་ཞིང་། 

    526009_yis_1529990101037_s.jpg

    འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།