[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • བོད་ཀྱིས་འཛམ་གླིང་ཁོར་ཡུག་ཉིན་མོའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-07

    ཚེས་5ཉིན་གྱི་སྔ་དྲོར། ལྷ་ས་གྲོང་ཁྱེར་གཡུ་ཐོག་ལམ་དུ“མཛེས་སྡུག་ལྡན་པའི་ཀྲུང་གོ། ང་ནི་བྱ་སྤྱོད་སྤེལ་མཁན་ཡིན”ཞེས་པས་བརྗོད་དོན་གཙོ་བོ་བྱས་པའི་འཛམ་གླིང་ཁོར་ཡུག་ཉིན་མོའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དབང་ཧའེ་ཀྲོའུ་དྲིལ་བསྒྲགས་བྱེད་སྒོར་ཞུགས་པ་མ་ཟད། ཡུལ་དངོས་སུ་ཕེབས་ནས་མཛུབ་ཁྲིད་དང་ཞིབ་བཤེར་ཡང་གནང་བ་རེད།

    དབང་ཧའེ་ཀྲོའུ་དང་བཅས་པས་འབྲེལ་ཡོད་ཚན་པ་ཁག་གི་དྲིལ་བསྒྲགས་བྱ་ཡུལ་དུ་རེ་རེ་བཞིན་བཅར་ནས་དྲིལ་བསྒྲགས་དཔྱད་ཡིག་ལ་གཟིགས་ཞིབ་ནན་ཏན་གནང་བ་མ་ཟད། ལས་སྒྲུབ་མི་སྣ་དང་འབྲེལ་ཡོད་གནད་དོན་ལ་འདྲི་རྩད་དང་སྤེལ་རེས་ཀྱང་གནང་བ་རེད། བྱེད་སྒོར་འབྲེལ་ཡོད་ཚན་པ་ཁག་གིས་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་བསྐང་རྒྱུ་དེ་རང་འགན་དུ་བྱས་ནས་རང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་གྱིས་འགན་འཁྲི་ལག་བསྟར་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་འཛུགས་སྐྲུན་དང་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་མུ་མཐུད་གོང་འཕེལ་གཏིང་ཟབ་ཡོང་བར་སྐུལ་མ་གཏོང་དགོས་པ་དང་། སྤྱི་ཚོགས་ལས་རིགས་ཁག་ཁོར་ཡུག་སྲུང་སྐྱོང་གི་དཔུང་ཁག་ལ་ཧུར་ཐག་ཞུགས་རྒྱུར་སྐུལ་སློང་དང་ཁྲིད་སྟོན་གྱིས་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་སློབ་སྦྱོང་དྲིལ་བསྒྲགས་བྱས་ཏེ་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་སློབ་སྦྱོང་དང་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ་དང་། ཁོར་ཡུག་སྲུང་སྐྱོང་དང་སྤྱི་ཚོགས་ཞབས་ཞུའི་ཀུན་སྤྱོད་ཀྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་འཛུགས་པ། ཡང་དག་པའི་ཁོར་ཡུག་སྲུང་སྐྱོང་གི་རིན་ཐང་ལྟ་བ་དང་དེ་བཞིན་གོམས་སྲོལ་ཡག་པོ་ཆགས་པ་བཅས་བྱས་ནས་རང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་བྱ་གཞག་ལ་སྐུལ་མ་ཏན་ཏིག་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་བསྟན་ཡོད།

    ཚེས་5ཉིན་ནི་འཛམ་གླིང་ཁོར་ཡུག་ཉིན་མོ་སྐབས་47པ་ཡིན་ལ། རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་ཚན་པ་64ད་རེས་ཀྱི་འཛམ་གླིང་ཁོར་ཡུག་ཉིན་མོའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོར་ཞུགས་པ་རེད། དྲིལ་བསྒྲགས་འགྲེམས་པང་བཟོ་བ་དང་། དྲིལ་བསྒྲགས་ལག་དེབ་འགྲེམ་པ། ནུས་རྒྱུ་གྲོན་ཆུང་གི་ཐོན་ཟོག་འགྲེམ་པ། དོགས་གནད་སེལ་བ་སོགས་བྱེད་པའི་དམིགས་ཡུལ་ནི་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་ཁྱབ་གདལ་བཏང་ནས་སྣོད་བཅུད་ཤེས་དཔལ་ལ་སྐུལ་ཁྲིད་ཀྱིས་ཁོར་ཡུག་སྲུང་སྐྱོང་གི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱ་རྒྱུ་དེ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།