[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ལྷ་ས་གྲོང་ཁྱེར་གྱིས“ 6·5 ”ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-06

    སྣོད་བཅུད་ཁོར་ཡུག་པུས་སྤྱི་ལོ་2018ལོ་ནས་སྤྱི་ལོ་2020ལོའི་བར།  “ 6·5 ” ཁོར་ཡུག་ཉིན་མོའི་དྲིལ་བསྒྲགས་ཀྱི་བརྗོད་བྱ་གཙོ་བོ་ནི“ མཛེས་པའི་ཀྲུང་གོ ང་ནི་ལག་བསྟར་མཁན་ཡིན”ཞེས་པ་གཏན་ལ་ཕབ་པ་དང་། རང་སྐྱོང་ལྗོངས་ཀྱི་དྲིལ་བསྒྲགས་བརྗོད་བྱ་གཙོ་བོ་ནི“ མཛེས་པའི་བོད་ལྗོངས། ང་ནི་ལག་བསྟར་མཁན་ཡིན”ཞེས་པ་དེ་ཡིན་ཞིང་། ལྷ་ས་གྲོང་ཁྱེར་གྱི་དྲིལ་བསྒྲགས་བརྗོད་བྱ་གཙོ་བོ་ནི“ མཛེས་པའི་ལྷ་ས། ང་ནི་ལག་བསྟར་མཁན་ཡིན”ཞེས་པ་དེ་ཡིན། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྣོད་བཅུད་དཔལ་ཡོན་འཛུགས་སྐྱོང་ཐད་ཚད་མཐོའི་མཐོང་ཆེན་གནང་ནས།  སྣོད་བཅུད་དཔལ་ཡོན་འཛུགས་སྐྱོང་དེ“ ཕྱོགས་ལྔ་གཞི་གཅིག” གི་སྤྱིའི་བཀོད་སྒྲིག་ནང་བཞག་ཡོད། འདི་ལོའི“ 6·5 ”ཁོར་ཡུག་དྲིལ་བསྒྲགས་ཀྱི་ཁྲོད་དུ། མི་ཚང་མས་ཁོར་ཡུག་ལ་དོ་སྣང་དང་། སྲུང་སྐྱོང་། དེ་བཞིན་གྲོང་ཁྱེར་ཡོངས་ཀྱི་མི་དམངས་ཀྱིས“ སྔོ་ཞིང་དྭངས་པའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པ་དང་། ཡུལ་ལུང་ཁ་བས་བཏུམས་པ་དེའང་གསེར་རི་དངུལ་རི་ཡིན་པའི” འདུ་ཤེས་ཟབ་མོ་འཛུགས་པ་དང་། རང་གི་མིག་འབྲས་དང་ཚེ་སྲོག་ཇི་བཞིན་ཁོར་ཡུག་ལ་སྲུང་སྐྱོང་བྱེད་ཆེད། ལྷ་ས་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུད་ཀྱིས་སྣེ་ཁྲིད་ནས་སྤྱི་ལོ་2018ལོའི་ཟླ་6ཚེས་5ཉིན“ 6·5 ”ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་བྱེད་སྒོ་གཡུ་ཐོག་ལམ་དུ་སྤེལ་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོའི་ཁྲོད་དུ་ཁྱོན་ལས་ཁུངས་64ཞུགས་ཡོད། ལས་ཁུངས་ཁག་གིས་རང་ལས་ཁུངས་ཀྱི་དམིགས་བསལ་ཁྱད་ཆོས་ལ་གཞིགས་ནས་མང་ཚོགས་ལ་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་དང་། ཉིན་དེར་མང་ཚོགས་ལ་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་དྲིལ་བསྒྲགས་ལག་དེབ་ཁྱོན་བསྡོམས་ཁྲི་10ཙམ་སྤྲད་པ་རེད། ཁོར་ཡུག་སྲུང་སྐྱོང་གི་བྱེད་སྒོ་ནི་དོན་སྙིང་ལྡན་པ་ཞིག་ཡིན་པས། མང་ཚོགས་ཚོས་བྱེད་སྒོའི་ནང་དུ་ཚ་ཚ་འུར་འུར་གྱིས་ཞུགས་ཡོད།

    འདི་ནི“ 6·5 ”ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་བྱེད་སྒོར་རྒྱུས་མངའ་བྱེད་པའི་གནས་ཚུལ་ཡིན་པ།  བདེ་ཆེན་དགྲ་འདུལ་གྱིས་པར་བླངས།

    DSC_5195.jpg

    འདི་ནི“ 6·5 ”ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་བྱེད་སྒོར་རྒྱུས་མངའ་བྱེད་པའི་གནས་ཚུལ་ཡིན་པ།  བདེ་ཆེན་དགྲ་འདུལ་གྱིས་པར་བླངས།

    DSC_5142.jpg

    འདི་ནི“ 6·5 ”ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་རླངས་འཁོར་ཡིན་པ། བདེ་ཆེན་དགྲ་འདུལ་གྱིས་པར་བླངས།

    DSC_5215.jpg

    འདི་ནི“ 6·5 ”ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་རྒྱུ་ཆ་སྤྲོད་པའི་གནས་ཚུལ་ཡིན་པ། བདེ་ཆེན་དགྲ་འདུལ་གྱིས་པར་བླངས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།