[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • བོད་ལྗོངས་ཀྱིས་འཐུང་ཆུའི་ཆུ་འགོ་80ཡི་ཁོར་ཡུག་གནད་དོན་གྲལ་བཤེར་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-19

    ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མོས་མཐུན་ཐོབ་པ་བརྒྱུད་སྣོད་བཅུད་ཁོར་ཡུག་པུའུ་ཡིས་ཆུ་བེད་པུའུ་དང་མཉམ་འབྲེལ་བྱས་ནས་རྒྱལ་ཡོངས་ཀྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་བྱ་སྤྱོད་སྤེལ་བ་རེད། ཆེད་དོན་བྱ་སྤྱོད་བཀོད་སྒྲིག་གཞིར་བཟུང་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་ཁག་གིས་སྣོད་བཅུད་ཁོར་ཡུག་པུའུ་དང་ཆུ་བེད་པུའུ་ལ་ཆེད་དོན་བྱ་སྤྱོད་ཀྱི་གནད་དོན་གསལ་ཐོ་དང་བཅོས་སྒྲིག་གི་འཕེལ་རིམ་གནས་ཚུལ་སྙན་སེང་ཞུས་པ་དང་འབྲེལ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་ནས་པུའུ་གཉིས་པོས་ས་ཁུལ་ཁག་གི་གནད་དོན་གསལ་ཐོ་དང་བཅོས་སྒྲིག་བྱས་ཚུལ་ཐད་གཅིག་སྡུད་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ་རེད། ཐེངས་འདིའི་ཆེད་དོན་བྱ་སྤྱོད་ཁྲོད་རང་ལྗོངས་ཀྱིས་ཁྱོན་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོ་80ཡི་ཁོར་ཡུག་གནད་དོན་གྲལ་བཤེར་བྱས་པ་རེད།

    རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གིས་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་བྱ་སྤྱོད་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་དུས་འགོའི་གྲལ་བཤེར་བྱེད་པའི་རྨང་གཞིའི་ཐོག་ཆད་ལུས་དང་མི་འདང་ས་སྔར་བས་ཞིབ་བཤེར་དང་ཁ་གསབ་བྱེད་པ་དང་ཞིབ་དཔྱད་བྱས་ཏེ་འགག་སྒོ་བསྲུངས་བས་ལྗོངས་ཡོངས་ཀྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོ་80ཡི་ཁོར་ཡུག་གནད་དོན་གྲལ་བཤེར་ཐུབ་པ་དང་འབྲེལ་རང་སྐྱོང་ལྗོངས་སྲིད་གཞུང་ལ་ཞིབ་དཔྱད་གཏན་འཁེལ་བྱ་རྒྱུར་སྙན་སེང་ཞུས་པ་དང་གྲོང་ཁྱེར(ས་ཁུལ)ཁག་ལ་གནད་དོན་གྱི་གསལ་ཐོ་ལྟ་བསྡུར་བྱ་རྒྱུར་ལྟ་སྐུལ་མཛུབ་ཁྲིད་བྱས་ཏེ་རང་ལྗོངས་ཀྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་བྱ་སྤྱོད་ཡག་པོ་སྤེལ་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཁོར་ཡུག་གི་གནད་དོན་ཡོད་པའི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོ་གྲལ་བཤེར་བྱས་པའི་ནང་ཆབ་མདོ་གྲོང་ཁྱེར་གྱི་གནས་32དང་། ནག་ཆུ་ས་ཁུལ་གྱི་གནས་4ལྷོ་ཁ་གྲོང་ཁྱེར་གྱི་གནས་1གཞིས་རྩེ་གྲོང་ཁྱེར་གྱི་གནས་21ཉིང་ཁྲི་གྲོང་ཁྱེར་གྱི་གནས་10 ལྷ་ས་གྲོང་ཁྱེར་གྱི་གནས་8 མངའ་རིས་ས་ཁུལ་གྱི་གནས་4བཅས་ཡོད་པའི་ནང་ས་ཁུལ་རིམ་པ་དང་དེ་ཡན་གྱི་ཆུ་འགོའི་གནས་14དང་རྫོང་རིམ་པའི་ཆུ་འགོའི་གནས་66ཡོད་པ་རེད། ཁོར་ཡུག་གི་གནད་དོན་གཙོ་བོ་ནི་ཆུ་འགོ་སྲུང་སྐྱོང་ཁུལ་ནང་ཞིང་ལས་སམ་ཡང་ན་འཚོ་བའི་སྦགས་བཙོག་དང་། འགྲིམ་འགྲུལ་བར་བརྒལ། ཆུ་འགོའི་གནས་ཀྱི་སྲུང་སྐྱོང་ཁུལ་དབྱེ་མེད་པ། སྲུང་སྐྱོང་ཁུལ་གྱི་དབྱེ་མཚམས་དང་ཉེན་རྟགས་བྱང་བུ་བཙུགས་མེད་པ་སོགས་ཚུད་ཡོད། གྲལ་བཤེར་ཐུབ་པའི་གནད་དོན་ལ་དམིགས་ནས་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གིས་འབྲེལ་ཡོད་སྡེ་ཚན་ལ་ཞིབ་ཕྲའི་བཅོས་སྒྲིག་བྱེད་ཐབས་སྤྱོད་རྒྱུའི་འགན་དཀྲིས་ནས་འདི་ལོའི་ལོ་མཇུག་གོང་དུ་བཅོས་སྒྲིག་ལས་དོན་སྤེལ་ཟིན་པ་བྱ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།