[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • བོད་ཀྱིས་བྱེད་ཐབས་ལྔ་ལ་བརྟེན་ནས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཚུར་ལན་གནད་དོན་དག་ཐེར་གནད་སྨིན་ཡོང་རྒྱུར་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-10

    ངེས་གནས་མཐོ་རུ་དང་དག་ཐེར་ལ་དམ་འཛིན་བྱས་ཏེ་སྣོད་བཅུད་འཛུགས་སྐྱོང་གི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་མེད་པ་སོགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། 

    ★ གཙོ་གནད་མངོན་གསལ་དོད་དུ་དང་དག་ཐེར་ལ་དམ་འཛིན་བྱས་ཏེ་གནད་ཀྱི་གནད་དོན་དག་ཐེར་བྱ་རྒྱུ་དང་ཁྱོན་གྱི་ཞན་ཆ་གསབ་པ་དང་། ངོས་ཀྱི་གནད་དོན་དག་ཐེར་བྱ་རྒྱུ་དང་ཕུགས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་ཟུང་འབྲེལ་བྱེད་དགོས། 

    ★ ཟུང་འབྲེལ་ལ་ཤུགས་སྣོན་དང་དག་ཐེར་ལ་དམ་འཛིན་བྱས་ཏེ་དག་ཐེར་གྱི་ཕན་འབྲས་དེ་ཆབ་སྲིད་ཀྱི་ཕན་འབྲས་དང་། དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་དང་གཅིག་གྱུར་ཧུར་ཐག་ཡོང་བ་བྱེད་དགོས། 

    ★ འགན་འཁྲི་བདའ་འདེད་ནན་དུ་དང་དག་ཐེར་ལ་དམ་འཛིན་བྱས་ཏེ་ཞིང་ཆེན་རིམ་པའི་འགོ་ཁྲིད་གཙོ་བོས་དག་ཐེར་དང་སྒྲུབ་རྒྱུར་ལྟ་སྐུལ་གྱི་ལམ་ལུགས་ལན་ལེན་བསྟར་དགོས། 

    ★ མཐུན་སྦྱོར་གཞོགས་འདེགས་དང་དག་ཐེར་ལ་དམ་འཛིན་བྱས་ཏེ་དག་ཐེར་ལས་དོན་ལ་ནུས་ལྡན་ངང་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས།

    རང་སྐྱོང་ལྗོངས་ཀྱིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གི་ཚུར་ལན་གནད་དོན་དང་དག་ཐེར་བསམ་འཆར་གྱི་ལག་བསྟར་དོན་འཁྱོལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་བྱེད་ཐབས་ཁག་ལྔ་བཏོན་པ་དང་། རང་འགུལ་ངང་ཚད་གཞི་བཟོ་བ། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། ལྟ་སྐུལ་ལ་བརྟེན་ནས་དག་ཐེར་ལ་སྐུལ་འདེད་གཏོང་བ། ཚད་གཞི་མཐོ་པོ་དང་བླང་བྱ་ནན་པོར་བརྟེན་ནས་དག་ཐེར་གྱི་ལས་དོན་ཁག་དམ་འཛིན་ནན་པོ་དང་དམ་འཛིན་ཏན་ཏིག་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་རྒྱུར་རྨང་གཞི་བརྟན་པོ་ཞིག་འདིང་རྒྱུ་རེད། 

    ངེས་གནས་མཐོ་རུ་དང་དག་ཐེར་ལ་དམ་འཛིན་བྱེད་དགོས། རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་དག་ཐེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་སྣོད་བཅུད་ཤེས་དཔལ་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་མེད་པ་སོགས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས་ལ། བྱ་སྤྱོད་དངོས་ལ་བརྟེན་ནས་བོད་ཀྱི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱེད་དགོས། 

    གཙོ་གནད་མངོན་གསལ་དོད་དུ་དང་དག་ཐེར་ལ་དམ་འཛིན་བྱེད་དགོས། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གི་ཚུར་ལན་གནད་དོན་དང་དག་ཐེར་བསམ་འཆར་ལ་གཞིགས་པ་དང་། ལྗོངས་ཏང་ཨུད་ཀྱི་བླང་བྱ་གཞིར་བཟུང་། རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་དག་ཐེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། དག་ཐེར་ཇུས་གཞི་བཟོ་བ། དག་ཐེར་བླང་བྱ་ཁ་གསལ་བཟོ་བ། གནད་ཀྱི་གནད་དོན་དག་ཐེར་དང་ཁྱོན་གྱི་ཞན་ཆ་གསབ་རྒྱུ་དང་དངོས་ཡོད་གནད་དོན་དག་ཐེར་དང་ཕུགས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་ཕན་ཚུན་ཟུང་འབྲེལ་མཐའ་འཁྱོངས་བཅས་བྱས་ནས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཚུར་ལན་གནད་དོན་དག་ཐེར་དོན་འཁྱོལ་བྱ་རྒྱུ་དང་མཉམ་དུ་རིམ་པ་ཁག་དང་སྡེ་ཚན་ཁག་གིས་གྲལ་བཤེར་བྱས་ནས་ཤེས་རྟོགས་བྱུང་བའི་ཁོར་ཡུག་སྲུང་སྐྱོང་གནད་དོན་གྱི་མངོན་མེད་རྐྱེན་ངན་དག་ཐེར་ལས་དོན་ལ་དུས་གཅིག་ཏུ་སྐུལ་འདེད་གཏོང་དགོས། 

    ཟུང་འབྲེལ་ལ་ཤུགས་སྣོན་དང་དག་ཐེར་ལ་དམ་འཛིན་བྱེད་དགོས། ཁོར་ཡུག་སྲུང་སྐྱོང་གི་གནད་དོན་དག་ཐེར་བྱ་རྒྱུ་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་བསྟར་བ་དང་། འཕེལ་རྒྱས་གཏོང་སྟངས་བསྒྱུར་བ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་འཇུག་གཞིར་བྱས་ཏེ་ལྗང་མདོག་འཕེལ་རྒྱས་དང་ཟུང་འབྲེལ་དང་། ཞན་ཆ་གསབ་པ་དང་ཟུང་འབྲེལ། གཙོ་གནད་ལས་དོན་ལ་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ། ཁོར་ཡུག་སྲུང་སྐྱོང་གི་ལྟ་སྐུལ་དོ་དམ་ནུས་པ་ཆེ་རུ་གཏོང་བ་དང་ཟུང་འབྲེལ། ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་ཟུང་འབྲེལ་བཅས་བྱས་ཏེ་དག་ཐེར་གྱི་ཕན་འབྲས་དེ་ཉིད་ཆབ་སྲིད་ཀྱི་ཕན་འབྲས་དང་། དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་དང་གཅིག་གྱུར་ཧུར་ཐག་ཡོང་བ་བྱེད་དགོས། 

    འགན་འཁྲི་བདའ་འདེད་ནན་དུ་དང་དག་ཐེར་ལ་དམ་འཛིན་བྱེད་དགོས། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་རྩིས་སྤྲད་པའི་སྣོད་བཅུད་ཁོར་ཡུག་གཏོར་སྐྱོན་གྱི་འགན་འཁྲི་བདའ་འདེད་གནད་དོན་ལ་རང་སྐྱོང་ལྗོངས་ཀྱིས་ཞིང་ཆེན་རིམ་པའི་འགོ་འཁྲིད་གཙོ་བོས་སྣེ་ཁྲིད་དེ་དག་ཐེར་དང་སྒྲུབ་སྐུལ་གྱི་ལམ་ལུགས་ལག་ལེན་བསྟར་བ་དང་ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱིས་ས་ཁུལ(གྲོང་ཁྱེར)དང་ལས་རིགས་སྡེ་ཚན་གྱི་ཁོར་ཡུག་སྲུང་སྐྱོང་གི་དག་ཐེར་ལ་ལྟ་བཤེར་དང་མཛུབ་ཁྲིད་བྱེད་པའི་ལས་ཀའི་ལམ་སྲོལ་མུ་མཐུད་འཐུས་ཚང་དུ་བཏང་ནས་དག་ཐེར་མཐར་ཕྱིན་པ་ཡོང་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། 

    མཐུན་སྦྱོར་གཞོགས་འདེགས་དང་དག་ཐེར་ལ་དམ་འཛིན་བྱེད་དགོས། རིམ་ཁག་དག་ཐེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་སྣེ་ཁྲིད་དང་སྤྱི་འདོམས་ཀྱི་འགན་འཁྲི་ཁ་གསལ་བཟོས་ནས་རིམ་ཁག་ལྟ་བཤེར་དང་སྒྲུབ་སྐུལ་ཚོགས་ཆུང་གིས་ཞིབ་བཤེར་འགན་འཁྲི་བསྒྲུབ་རྒྱུར་ལྟ་སྐུལ་བྱེད་པ་དང་། རིམ་ཁག་འགན་འཁྲི་རྩད་གཅོད་ཚོགས་ཆུང་གིས་འགན་འཁྲི་བདའ་འདེད་དང་རྩད་གཅོད་གཏོང་བ། རིམ་ཁག་དྲིལ་བསྒྲགས་འཕྲིན་སྤེལ་ཚོགས་ཆུང་གིས་གླེང་ཕྱོགས་ལ་བརྟེན་ནས་འགན་འཁྲིར་ཁྲིད་སྟོན་བཅས་བྱས་ཏེ་ཁོར་ཡུག་སྲུང་སྐྱོང་གནད་དོན་གྱི་དག་ཐེར་ལས་དོན་ཆབ་སྲིད་ཀྱི་ལས་འགན་དང་དམངས་འཚོའི་འདུ་འགོད་གལ་ཆེན་དུ་བརྩིས་ཏེ་དག་ཐེར་ལས་དོན་ལ་ནུས་ལྡན་ངང་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།