[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • སྤུས་ཚད་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་བཏང་སྟེ་སྤུས་ཚད་ལྡན་པའི་དུས་རབས་ཕྱོགས་སུ་བསྐྱོད།

    2017ལོའི་ལྷ་ས་གྲོང་ཁྱེར་གྱི་ཁོར་ཡུག་སྤུས་ཚད་རིམ་སྤོར་ལས་དོན་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-20

    462185_yis_1513325356014.jpg

    འདི་ནི་ལྷ་ས་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ལིང་ཧྲེན(གཡོན་གྱི་དང་པོ)གྱིས་ལྷ་ས་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་རྩིས་ཁྲའི་དཔྱད་གཞི་དང་ལས་ཀ་དོན་འཁྱོལ་བྱེད་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་བཞིན་པ།

    2014ལོའི་ཟླ་12པར། ལྷ་སར“རྒྱལ་ཡོངས་ཀྱི་སྤུས་ཚད་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བའི་དཔེ་སྟོན་གྲོང་ཁྱེར”གཏོད་འཛུགས་ཀྱི་ཆོག་མཆན་ཐོབ་པ་ནས་བཟུང་། སྤུས་ཚད་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བའི་ལྷ་ས་གྲོང་ཁྱེར་གཞུང་ལས་ཁང་དང་ལྷ་ས་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱིས“ཁོར་ཡུག་ལ་བརྟེན་ནས་གྲོང་ཁྱེར་འཛུགས་རྒྱུའི”འཐབ་ཇུས་མཐའ་འཁྱོངས་ཀྱིས་འབྱུང་རྩ་ནས་སྔོན་འགོག་དང་། ལྟ་སྐུལ་ཁྲིམས་འཛིན་བྱ་ཤུགས་ཆེར་གཏོང་། ཁོར་ཡུག་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་བྱ་ཐབས་སྣ་མང་སྤྱད་ནས་ལྷ་ས་གྲོང་ཁྱེར་ཉིད་རྒྱལ་ཡོངས་ཀྱི་འཛེར་སྒྲ་མེད་པའི་རིམ་པ་དང་པོའི་ཞིང་ཆེན་ལྟེ་གནས་ཀྱི་གྲོང་ཁྱེར་གཅིག་པུར་གྱུར་པ་དང་། མཁའ་རླུང་ལེགས་པའི་སྤུས་ཚད་ཀྱང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བསྟུད་མར་སླེབས་ནས་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་གི་དཔེ་སྟོན་གྲོང་ཁྱེར་དང་པོར་གྱུར་ཏེ་ཁོར་ཡུག་གི་སྤུས་ཚད་ལེགས་པའི་གནས་སྟངས་རྒྱུན་འཁྱོངས་ཐུབ་ཡོད།

    མཁའ་རླུང་གི་སྤུས་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ།

    རྒྱལ་སྲིད་སྤྱི་ཁྱབ་ཁང་གི《རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་བྱ་སྤྱོད་ཀྱི་འཆར་གཞི》ལག་བསྟར་དོན་འཁྱོལ་དང་ལྷ་ས་གྲོང་ཁྱེར་གྱི་རླུང་ཁམས་ཆེ་མོའི་སྦགས་བཙོག་ཕྱོགས་བསྡུས་འགོག་བཅོས་དང་མཁའ་རླུང་གི་སྤུས་ཚད་ཁྱོན་ཡོངས་ནས་ལེགས་སུ་གཏོང་ཆེད། རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་རིམ་པ་གཉིས་ཀྱི་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་ཐེངས་མང་འཚོགས་ནས་མཁའ་རླུང་གི་སྤུས་ཚད་ལེགས་སུ་གཏོང་རྒྱུ་དེ་དང་ཐོག་ཐག་གཅོད་བྱེད་དགོས་པའི་གནད་དོན་ལ་བརྩིས་ནས་ཞིབ་འཇུག་དང་གྲོས་བསྡུར་གཏིང་ཟབ་བྱས་པ་དང་འབྲེལ། ལྷ་ས་གྲོང་ཁྱེར་གྱི་2016ལོ་འཁོར་གྱི་མཁའ་རླུང་གི་སྤུས་ཚད་ཀྱི་གནས་སྟངས་ཀྱི་དབྱེ་ཞིབ་བྱས་འབྲས་དང་ཟུང་འབྲེལ་གྱིས《2017ལོ་འཁོར་གྱི་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ལེགས་སུ་གཏོང་བའི་ལས་དོན་ཇུས་གཞི》བཟོས་ཤིང་། མང་ཚོགས་ཀྱི་གཟུགས་པོའི་བདེ་ཐང་ལ་གནོད་འཚེ་བཟོ་བ་དང་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་སྲིང་འཕེལ་རྒྱས་ལ་ཤུགས་རྐྱེན་བཟོ་བའི་རླུང་ཁམས་ཆེ་མོའི་ཁོར་ཡུག་གི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་པ་དང་། གཙོ་གནད་ས་ཁོངས་དང་། ལས་རིགས། སྦགས་བཙོག་འབྱུང་ཁུངས་བཅས་མངོན་གསལ་དོད་པོས་བཅོས་སྒྲིག་བྱས་པས། ཁ་ནང་འཛུལ་སླ་བའི་རླུང་རྡུལ་དང་། ཕྲ་ཕུང་རིལ་བུ། དབྱང་རླུང་དྲི་ངན་ཅན་བཅས་ཀྱི་འདུས་ཚད་མཐོ་རུ་འགྲོ་རྒྱུ་ནུས་ལྡན་ངང་འགོག་ཐུབ་ནས་གྲོང་ཁྱེར་ཡོངས་ཀྱི་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད།

    2017ལོའི་ཟླ་10པའི་ཟླ་མཇུག་བར། ལྷ་ས་གྲོང་ཁྱེར་གྱི་ཁོར་ཡུག་སྤུས་ཚད་ལེགས་སུ་འགྲོ་ཚད་ཀྱི་ཉིན་གྲངས་300ཟིན་པ་དང་། མཁའ་རླུང་ལེགས་པའི་ཉིན་གྲངས་ཀྱི་བསྡུར་གྲངས་98.7%ཟིན་པ་་་དེ་ན་ནིང་གི་དུས་མཚུངས་ལས་མཁའ་རླུང་ལེགས་པའི་ཉིན་གྲངས་19ཡིས་མང་དུ་ཕྱིན་པ་དང་མཁའ་རླུང་ལེགས་ཚད་དེ་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་6.6འཕར་ནས་མཁའ་རླུང་གི་སྤུས་ཚད་བརྟན་པོའི་ངང་ལེགས་ཕྱོགས་སུ་འཕེལ་ནས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།

    འཛེར་སྒྲ་མངོན་གསལ་གྱིས་ཆུང་དུ་ཕྱིན་ནས་གྲོང་ཁུལ་གྱི་ཁོར་ཡུག་སྔར་བས་ཁུ་སིམ་མེར་གྱུར་པ།

    འདི་ལོ་ནས་བཟུང་། ལྷ་ས་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་འཛེར་སྒྲའི་སྦགས་བཙོག་འགོག་བཅོས་ཀྱི་བཅའ་ཁྲིམས》ལག་ལེན་ནན་ཏན་བསྟར་བ་དང་ལྟེ་བའི་གྲོང་ཁུལ་གྱི་འཛེར་སྒྲ་འགོག་བཅོས་བྱ་རྒྱུ་གཙོ་གནད་དུ་བྱས་ནས་གྲོང་ཁུལ་ཁུ་སིམ་གྱི་ཁོར་ཡུག་ཅིག་བཏོད་པའི་ཁར། རང་ངོས་ས་ཁོངས་ཀྱི་འཛེར་སྒྲ་ཡོང་གཞིའི་ཁྱད་ཆོས་ལ་གཞིགས་ཏེ《ལྷ་ས་གྲོང་ཁུལ་གྱི་ཁོར་ཡུག་འཛེར་སྒྲ་ཐོན་ཡུལ་རིགས་དབྱེའི་ཇུས་གཞི》དང《ལྷ་ས་གྲོང་ཁྱེར་གྱི་ཁོར་ཡུག་འཛེར་སྒྲའི་སྦགས་བཙོག་འགོག་བཅོས་ཀྱི་དོ་དམ་བྱ་ཐབས》བཟོས་ནས་བཏོན་ཡོད།

    ལྷ་ས་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་གྲོང་ཁྱེར་་ཡོངས་ཀྱི་ཨར་སྐྲུན་བྱ་ཡུལ་དུ་ཡ་རབས་ངང་ཨར་ལས་བྱེད་དགོས་པའི་བརྡ་ཐོ་བཏང་བའི་ནང་། ཨར་སྐྲུན་བྱ་ཡུལ་དུ་གནས་སྐབས་གྱང་སྐོང་བ་སོགས་ཀྱིས་འཛེར་སྒྲ་ཆུང་དུ་གཏོང་ཐབས་བྱས་ཏེ་འཛེར་སྒྲ་ཆེན་པོ་བསྒྲགས་མི་ཆོག་པའི་རེ་བ་མཐོ་བའི་ཁོར་ཡུག་གི་བྱེད་ནུས་ཁུལ་ལ་ཤུགས་རྐྱེན་ཐེབས་ཤུགས་ཆུང་དུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

    དམིགས་ཚད་ཁ་གསལ་བཟོས་ནས་ས་རྒྱུ་སྦགས་བཙོག་འགོག་བཅོས་ཀྱི་ལས་དོན་ཡག་པོ་བསྒྲུབས་པ།

    ས་རྒྱུར་སྦགས་བཙོག་འགོག་བཅོས་ཀྱི་ལས་དོན་ལ་དམ་འཛིན་ཏན་ཏིག་བྱ་ཆེད། ལྷ་ས་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱི་ས་རྒྱུར་སྦགས་བཙོག་འགོག་བཅོས་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ནས“ཅུས་ཀྲང་གིས་སྤྱིའི་འགན་འཁུར་བ་དང་། ཁག་བགོས་དོ་དམ་འགོ་ཁྲིད་ཀྱིས་དམ་འཛིན་བྱེད་པ། སྡེ་ཚན་གྱིས་ཞིབ་ཕྲར་དམ་འཛིན་བྱེད་པ། རིམ་པ་བཞིན་དོན་འཁྱོལ་ཡོང་བ་བྱེད་པའི”ལས་ཀའི་ལམ་སྲོལ་ཆགས་པ་བྱས་པ་དང་། ལྟ་སྡོམ་གྱི་འགན་ནུས་དང་ཡང་ཟུང་འབྲེལ་གྱིས《<ས་རྒྱུར་སྦགས་བཙོག་འགོག་བཅོས་ཀྱི་བྱ་སྤྱོད་འཆར་གཞིའི>སྐོར་གྱི་ལྷ་ས་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱི་ལས་ཀའི་ཇུས་གཞི》བཟོས་པ་དག་གྲོང་ཁྱེར་ཡོངས་ཀྱི་ས་རྒྱུའི་སྦགས་བཙོག་ཁོར་ཡུག་སྲུང་སྐྱོང་གི་གཙོ་གནད་ལས་ཀ་དང་འབྲེལ་བར་་བཀོད་སྒྲིག་ཞིབ་ཕྲ་བྱས་ཏེ་དམིགས་ཚད་ལས་འགན་ཁ་གསལ་བཏོན་པས་ས་རྒྱུར་སྦགས་བཙོག་འགོག་བཅོས་ཀྱི་ལས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་ཐུབ་ཡོད།

    ལྷ་ས་གྲོང་ཁྱེར་གྱི་བཟོ་ལས་ཁེ་ལས་ཀྱི་ས་རྒྱུའི་གནས་ཚུལ་ལ་མཐིལ་རྟོགས་བྱ་ཆེད། 2016ལོའི་ཟླ་12པར། གྲོང་ཁྱེར་ཡོངས་ཀྱི་ལས་རིགས་གཙོ་བོའི་ཁེ་ལས་102ཁྲོད་ནས་གདམ་གསེས་དང་ཡུལ་དུས་གནས་སྟངས་ཀྱི་རྒྱང་ཚོར་གྱི་བདེན་མིན་བརྟག་དཔྱད་ཁྱོན་ཡོངས་ནས་སྤེལ་ཏེ་གདམ་གསེས་ཀྱི་ཆ་རྐྱེན་འཛོམས་པའི་ཁེ་ལས་62གཏན་འཁེལ་བྱས་པ་དང་། རྨང་གཞི་དེའི་ཐོག་2017ལོའི་ཟླ་7པར་ཞིང་སྤྱོད་ས་ཆ360ས་རྒྱུར་སྦགས་བཙོག་འགོག་བཅོས་བྱས་ཚུལ་ཞིབ་བཤེར་ས་ཚིགས་ཀྱི་ཞིབ་དཔྱད་བསྡུར་བཤེར་གྱི་ལས་དོན་ལེགས་སྒྲུབ་བྱས་པ་དང་། ཟླ་10པར་ཁོར་ཡུག་སྲུང་སྐྱོང་ཐིང་གིས་རྫོང་དང་ཆུས་ཁག་གི་ཞིང་ལས་ཐོན་ཟོག་དང་མཐུན་སྦྱོར་ས་ཚིགས་ཀྱི་ས་རྒྱུ་དང་། ཕྱི་ངོས་ས་རྒྱུ། ནང་ངོས་ས་རྒྱུ། སྐྱེ་ལྡན་ས་རྒྱུ་བཅས་ཁག་430དང་ས་རྒྱུའི་འདྲ་དཔེ་340ལེན་པའི་ལས་དོན་ལེགས་སྒྲུབ་བྱས་ནས་གོམ་སྟབས་རྗེས་མའི་བཟོ་ལས་དང་ཁེ་ལས་ཀྱི་ས་རྒྱུར་སྦགས་བཙོག་འགོག་བཅོས་ཀྱི་ལས་དོན་བསྒྲུབ་རྒྱུར་རྨང་གཞི་བཏིང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།