[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ལྗོངས་སྲིད་གཞུང་དང“ཕུབ་ལྗང་2017ལོའི”ཆེད་དོན་བྱ་སྤྱོད་ཀྱི་སྐོར་ཞིབ་ཚོགས་ཆུང་དབར་བཞུགས་མོལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-28

    ཚེས་26ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་ཁོར་ཡུག་སྲུང་སྐྱོང་པུའུ་དང་རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའུ་སོགས་སྡེ་ཚན་མཉམ་དུ་གྲུབ་པའི་སྐོར་ཞིབ་ཚོགས་ཆུང་དགུ་པའི་དབར་གྱི་བཞུགས་མོལ་ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་ཀྱི“ཕུབ་ལྗང་2017ལོའི”རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ལ་ལྟ་ཞིབ་ཀྱི་ཆེད་དོན་བྱ་སྤྱོད་ལས་དོན་ཐད་སྤེལ་རེས་གཏིང་ཟབ་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡུང་ཙེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཅང་ཅེས་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔར་ནས་བཟུང་ས་མཐོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པས་རིམ་ཁག་སྡེ་ཚན་ཁག་གིས་བསམ་བློའི་ངོས་འཛིན་སྔར་བས་ཟབ་ཏུ་གཏོང་བ་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སྔོན་ལ་བྱེད་པའི་འཐབ་ཇུས་མཐའ་འཁྱོངས་ཀྱིས་བསམ་བློ་དང་བྱ་སྤྱོད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱེད་པ་དང་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་ཐོག་ནས་ཁ་ཕྱོགས་ཡོངས་ལ་ཁྱབ་པ་དང་། ཁྱོན་ཡོངས་ལ་ཁྱབ་པ། བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བཅས་ཀྱི་ སྒོ་ནས་རང་བྱུང་སྲུང་སྐྱོང་ཁུལ་ལྟ་སྐུལ་དོ་དམ་ཡག་པོ་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་གནད་དོན་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་པ་དང་ལམ་སྲོལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས། ཚད་མཐོའི་མཐོང་ཆེན་དང་གཞོགས་འདེགས་ཧུར་ཐག་བྱས་ཏེ་སེམས་ཐག་ཆོད་པའི་རྣམ་འགྱུར་དང་། ལམ་ལུགས་ནན་ཤོས། ཆེས་ནུས་ལྡན་གྱི་བྱ་ཐབས་བཅས་ཐོག་ནས“ཕུབ་ལྗང་2017ལོའི”ཆེད་དོན་བྱ་སྤྱོད་ཀྱི་སྐོར་ཞིབ་ལས་དོན་གྱི་ལས་འགན་ཁག་ཡག་པོ་བསྒྲུབས་ཏེ་མཛེས་སྡུག་ལྡན་པའི་བོད་ལྗོངས་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱ་ཆེད་དེ་བས་ཆེ་བའི་ལེགས་སྐྱེས་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།