[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ཆབ་མདོས་རྒྱལ་ཁབ་ས་ཆ་སྔོ་འགྱུར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ།

    ​ ལོ་ལྟར་མུའུ་ཁྲི་50ཡན་གྱི་ཤིང་འཛུགས་ནགས་བཟོ་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།   ཀྲུང་གོའི་ོབད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-09-17

    ཉིན་ཤས་གོང་གསར་འགོད་པར་ཆབ་མདོ་གྲོང་ཁྱེར་ནགས་ལས་ཅུས་ནས་ཤེས་རྟོགས་བྱུང་བར། འདི་ལོ་ནས་བཟུང་ཆབ་མདོ་གྲོང་ཁྱེར་གྱིས་ཨ་སྔོན་དྭངས་གཙང་ཐོན་ལས་བཏོད་དེ་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་བསྐྲུན་རྒྱུ་ཡིན་པ་དང་གྲོང་ཁྱེར་ཡོངས་ཀྱི་ཤིང་ནགས་རྒྱ་ཁྱོན་ལོ་རེར་མུའུ་ཁྲི་50ཡན་མང་དུ་གཏོང་རྒྱུ་དང་སྡོང་ཕྲུག་མུའུ་ཁྲི་2དང་སྡོང་རྐང་ཁྲི་150ཡན་འོས་འགན་ཤིང་འཛུགས་བྱས་པར་གསོན་ཚད་75%ཡན་ཟིན་ནས་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་ཕྱོགས་བསྡུས་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།

    སྔོ་འགྱུར་དམིགས་ཚད་ལེགས་གྲུབ་བྱ་ཆེད། ཆབ་མདོ་གྲོང་ཁྱེར་གྱིས་ཡུལ་བབ་དང་བསྟུན་ནས་ལྕང་མ་འཛུགས་པའི་རྩ་དོན་མཐའ་འཁྱོངས་ཀྱིས་ས་ཆུ་ཤོར་བ་དང་བྱེ་འགྱུར་འགོག་བཅོས་ས་ཁུལ་དུ་སྣོད་བཅུད་ཤིང་ནགས་དང་ས་ཆུ་སྲུང་འཛིན་ཤིང་ནགས་བསྐྲུན་པ་དང་སྐམ་ཤས་དང་ཚ་བ་ཆེ་བའི་ལུང་གཞུང་ཁུལ་དུ་དཔལ་འབྱོར་ཤིང་ནགས་བསྐྲུན་པ་དང་ཤིང་ནགས་གྲོང་སྐོར་དང་། མཛེས་ལྗོངས་ཤིང་ནགས། ལམ་སྐྱོང་ཤིང་ནགས། འགྲམ་སྲུང་ཤིང་ནགས་བཅས་བསྐྲུན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།