[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ཆེས་མཛེས་སྡུག་ལྡན་པའི“འཛམ་གླིང་ཡང་རྩེ”ཡག་པོ་སྲུང་དགོས།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།   གསར་འགོད་པ། ཆུང་བདག་སྒྲོལ་དཀར་གྱིས།    |    སྤེལ་དུས།   2017-09-13

    འདི་ག་ནི་མཚོ་བོད་ས་མཐོའི་གྲུབ་ཆ་གཙོ་བོ་ཡིན་ཞིང་། རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་ཁྲི་120ལྷག་ཙམ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ཡན་ཟིན་གྱི་ཡོད།

    ཟླ་8ཚེས་19ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་ཐེངས་གཉིས་པ་སྤེལ་འགོ་ཚུགས་པར་འཕྲིན་ཡིག་སྤྲིངས་ནས་རྟེན་འབྲེལ་ཞུས་ཏེ་མཚོ་བོད་ས་མཐོའི་ཐོན་ཁུངས་སྣོད་བཅུད་ཀྱི་ཐེག་ནུས་དང་། གནོད་འཚེའི་ཉེན་ཁ། ལྗང་མདོག་འཕེལ་རྒྱས་ལམ་བུ་སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཏེ་མཚོ་བོད་ས་མཐོའི་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ཁམས་བཟང་ཡོང་བར་བྱེད་དགོས་ཞེས་བཏོན་གནང་བ་རེད།

    སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ནི་ཐོན་སྐྱེད་ནུས་ཤུགས་སྲུང་སྐྱོང་བྱས་པ་ཞིག་ཡིན་པ་དང་སྔོ་ཞིང་དྭངས་པའི་རི་ཆུ་དང་གངས་འཁྱག་གིས་བསྡམས་པའི་ས་གཞི་ཚང་མ་གསེར་རི་དངུལ་རི་རེད། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྲུང་སྐྱོང་སྔོན་དུ་སྤེལ་བ་དང་འཛུགས་སྐྲུན་གལ་ཆེ་མཉམ་འཛིན་ལམ་བུར་སྐྱོད་པ་མཐའ་འཁྱོངས་བྱས་ཏེ་དག་ཞིང་འདི་ནུས་ཤུགས་ཡོད་རྒུས་ཡག་པོ་བསྲུངས་ཡོད།

    གྲངས་གཞི་ལས་མངོན་པར། མིག་སྔར་བོད་ཀྱི་ནགས་སའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་1798.19ཟིན་ནས་2011ལོ་ལས་སྤྱི་ཆིང་ཁྲི་14མང་དུ་སོང་བ་དང་། ནགས་ཚལ་རྒྱ་ཁྱོན་སྤྱི་ཆིང་ཁྲི་1491ཟིན་ནས་2011ལོ་ལས་སྤྱི་ཆིང་ཁྲི་19མང་དུ་སོང་ཡོད། བོད་ཀྱི་མྱ་ངམ་ཐང་གི་རྒྱ་ཁྱོན་སྤྱི་ཆིང་ཁྲི་1.36ཆུང་དུ་ཕྱིན་པ་དང་བྱེ་འགྱུར་ས་ཞིང་རྒྱ་ཁྱོན་སྤྱི་ཆིང་ཁྲི་3.50ཆུང་དུ་ཕྱིན་ནས་ལྗོངས་ཡོངས་ཀྱི་མྱ་ངམ་ཐང་དང་བྱེ་འགྱུར་ས་ཞིང་གི་རྒྱ་ཁྱོན་ཆུང་དུ་འགྲོ་བའི་རྣམ་པ་མངོན་ཡོད།

    རང་བྱུང་སྲུང་སྐྱོང་ཁུལ་གྱི་གྲུབ་ཆ་གཙོ་བོ་བྱས་ནས་རྒྱལ་ཁབ་རིམ་པའི་འདམ་རའི་སྤྱི་གླིང་དང་རྒྱལ་སྤྱིའི་འདམ་ར་གལ་ཆེན་སོགས་རྣམ་པ་སྣ་ཚོགས་ཀྱི་འདམ་རའི་སྲུང་སྐྱོང་མ་ལག་ཅིག་བོད་དུ་རིམ་བཞིན་ཆགས་བཞིན་ཡོད། བོད་དུ་ད་ཆ་འདམ་ར་སྣ་ཚོགས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི་652.9ཟིན་ནས་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད། མ་ཕམ་གཡུ་མཚོ་དང་སྨི་ཏི་ཁ་འདམ་ར་གཉིས་པོ་རྒྱལ་སྤྱིའི་འདམ་ར་གལ་ཆེན་གྱི་མིང་གཞུང་དུ་ཚུད་ཡོད།

    བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་ཕྱོགས་ཡོངས་ནས་སྲུང་སྐྱོང་ཐུབ་ཅིང་། མིག་སྔར་བོད་ཀྱིས་རང་བྱུང་སྲུང་སྐྱོང་ཁུལ་སྣ་ཚོགས་47བསྐྲུན་པར་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་42ཙམ་ཟིན་ནས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་34%བཟུང་ཡོད།

    ད་ཕན་ལོ་ཤས་རིང་། བོད་ཀྱིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་30ལྷག་ཙམ་སྔ་རྗེས་སུ་བཟོས་ནས་བཏོན་ཏེ་ངར་ལྕགས་དང་། བཙོ་སྦྱངས། རྫས་འགྱུར་བཟོ་ལས། ཤོག་བཟོ་སོགས་ཁོར་ཡུག་ལ་སྦགས་བཙོག་བཟོ་ཉེན་ཆེ་བའི་རྣམ་གྲངས་རང་ལྗོངས་སུ་གཏན་འགོག་བྱས་ཡོད། མིག་སྔར་བོད་ཀྱིས་གསར་སྤེལ་གཏན་འགོག་དང་གསར་སྤེལ་ཚོད་འཛིན་བྱེད་པའི་ས་ཆའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་80ཡན་ཟིན་ནས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་70%བཟུང་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།