[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས།

    ​ “ལྟ་བཤེར་བྱེད་ཤོར་དུ་དག་ཐེར”བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-09-12

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གོ་སྐབས་སུ་བྱས་པ་དང་མང་ཚོགས་ལ་བསམ་འཆར་ཆེན་པོ་ཡོད་པའི་ཁོར་ཡུག་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་ཚད་བརྒལ་སར་བྱས་ཏེ་མང་ཚོགས་བློ་ཡིད་ཚིམ་མ་ཚིམ་དང་མང་ཚོགས་ཀྱིས་ཁས་ལེན་བྱས་མ་བྱས་དེ་དག་ཐེར་གྲུབ་འབྲས་ལ་ཞིབ་བཤེར་བྱེད་པའི“ཞིབ་བསྡུར་རྩིས་ཐོར”བྱ་རྒྱུ་མཐའ་འཁྱོངས་བྱས་པ་དང་། ཁོར་ཡུག་ལེགས་སུ་བཏང་སྟེ་མང་ཚོགས་དང་སེམས་ཐག་ཉེ་རུ་བཏང་ནས་དང“ལྟ་བཤེར་བྱེད་ཞོར་དུ་དག་ཐེར”བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་སྟེ་བྱ་བ་དངོས་དང་བྱ་བ་བཟང་པོ་མང་ཚོགས་ཀྱི་བློ་ལ་བབ་པ་བྱས་ནས་མང་ཚོགས་ཀྱིས་བཏོན་པའི་གནད་དོན་ཚང་མ་དོན་འཁྱོལ་ཐུབ་པའི་འགན་ལེན་བྱས་པ་རེད།

    འཕྲལ་དུ་བཀོད་སྒྲིག་དང་། བདག་སྤྲོད། རྗེས་སྙེག་བསྒྲུབ་རྒྱུར་ལྟ་སྐུལ། འབྲས་བུ་ཁྱབ་བསྒྲགས་བཅས་བྱེད་པའི་རྩ་དོན་གཞིར་བཟུང་། དུས་ཐོག་ཏུ་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཁུངས་སྣེ་དང་ཡིག་བསྐུར་ངོ་བཅར་དང་ཐེར་འདོན་བྱས་པའི་གྱོད་གཞི་བསྒྲུབ་རྒྱུར་སྤྲོད་པའི་ཚོགས་འདུ་འཚོགས་ཏེ་འཕྲལ་དུ་གྱོད་གཞིའི་འགན་འཁྲི་ཁག་ཆེད་དོན་ལས་དོན་ཚོགས་ཆུང་ཁག་ལ་གསལ་བཟོ་བྱས་ནས་ལས་འགན་མིར་ཁག་བགོས་བྱས་ཏེ་བྱ་བ་ཚང་མ་སྒྲུབ་མཁན་ཡོད་པ་དང་མི་ཚང་མར་བྱ་བ་བསྒྲུབ་རྒྱུ་ཡོད་པའི་འགན་ལེན་བྱས་པ་རེད།

    འགན་འཁྲི་དོན་འཁྱོལ་ཡག་པོ་མ་བྱུང་བ་དང་། བྱེད་ཐབས་དོན་འཁྱོལ་ནན་པོ་མེད་པ། དག་ཐེར་འབྲས་བུ་ཡག་པོ་མེད་པ་བཅས་ལ་དམིགས་ཏེ་འགན་འཁྲི་བདའ་འདེད་ནན་པོ་དང་རྩད་གཅོད་ནན་པོ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་འགན་འཁྲིར་བརྟེན་ནས་བསྒྲུབ་རྒྱུར་སྐུལ་འདེད་དང་ལས་ཆོད་ལ་ཞིབ་བཤེར་བྱས་པ་རེད། “ཐར་པར་གཏན་ནས་མི་གཏོང་བའི”རྣམ་འགྱུར་ཐོག་ནས་ཁོར་ཡུག་ཁྲིམས་འགལ་བྱེད་སྤྱོད་ལ་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱས་ཏེ“མེ་ཤིང་དང་རྡོ་སོལ་སྤྱོད་ཡུལ་དང་། འཛེར་སྒྲ་དང་རླངས་སྙིགས་ཀྱིས་མང་ཚོགས་ལ་བསུན་པོ་བཟོ་བ། འགྲོ་ལམ་བཀག་ནས་ཚོང་རྒྱག་པ་སོགས་ཐད་ཁྲིམས་འཛིན་ཞིབ་བཤེར་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།