[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • བོད་ལྗོངས་ཀྱི་ས་ཁུལ་ཁག་གིས།

    ​ ཁོར་ཡུག་གནད་དོན་དག་ཐེར་དོན་འཁྱོལ་ལ་འབད་བརྩོན་ལྷོད་མེད་ཀྱིས་སྐུལ་འདེད་བཏང་བ།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-09-12

    ཉིན་ཤས་བསྟུད་མར། རང་ལྗོངས་ཀྱིས་འབད་བརྩོན་ལྷོད་མེད་ངང་ཁོར་ཡུག་གི་གནད་དོན་དག་ཐེར་ལ་སྐུལ་འདེད་བཏང་བ་དང་ཕུགས་ཕན་ལམ་སྲོལ་བཙུགས་ནས་གནད་དོན་སླར་ཡང་མི་ཐོན་པ་བྱས་ཏེ། ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་ལས་དོན་དོན་ཐོག་ཏུ་དངོས་འབྲེལ་འཁྱོལ་བར་བྱས་པ་རེད།

    ཉིན་ཤས་གོང་མང་ཚོགས་ཀྱིས་གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་མྱང་ར་ཤང་དུ་ཁེ་ལས་3གྱིས་གཏེར་ཁ་སྔོག་འདོན་བྱེད་སྐབས་སྣོད་བཅུད་སྲུང་སྐྱོང་ལ་དོ་སྣང་མ་བྱས་པར་རྩྭ་རར་གཏོར་སྐྱོན་བཏང་བའི་སྐོར་སྙན་སེང་ཞུས། དེར་བརྟེན་རྫོང་དེའི་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱིས་འགན་འཁྲི་འཁུར་མཁན་ཕྱོགས་ལ་དུས་བཀག་ནང་བཅོས་སྒྲིག་བྱས་ཏེ་སྣོད་བཅུད་སླར་གསོ་བྱེད་དགོས་པ་དང་འབྲེལ་ཁོར་ཡུག་དཔྱད་ཞིབ་ཀྱི་བླང་བྱ་གཞིར་བཟུང་། ཚད་དང་མཐུན་པའི་སྒོ་ནས་གཏེར་ཁ་སྔོག་འདོན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། མིག་སྔར་ཁེ་ལས་3གྱིས་གཏོར་སྐྱོན་བཏང་བའི་རྩྭ་ར་སླར་གསོ་བྱས་པ་དང་འབྲེལ་རྩྭ་སོན་ཡང་བཏབ་པ་རེད།

    མངའ་རིས་ས་ཁུལ་སྒེར་རྩེ་རྫོང་དུ“རྫོང་གྲོང་ནས་བྲག་པོ་ཤང་བར་གྱི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ཀྱི་ཨར་སྐྲུན་ཚན་པས་ཨར་སྐྲུན་རྒྱུ་ཆ་རང་བྱུང་སྲུང་སྐྱོང་ཁུལ་ནས་བླངས་ཏེ་སྣོད་བཅུད་ལ་གཏོར་སྐྱོན་བཏང་བའི”གནད་དོན་ལ་དམིགས་ཏེ་ས་གནས་དེ་གས་ཨར་སྐྲུན་ཚན་པར་སྲིད་འཛིན་གྱི་ཆད་པ་བཅད་པ་དང་ལས་མཚམས་བཞག་ནས་དག་ཐེར་བྱེད་དགོས་པའི་བཀའ་བཏང་བ་ཕུད། ད་དུང་འགན་ཡག་པོ་མ་ཁུར་བའི་མི་སྣའི་འགན་འཁྲི་བདའ་འདེད་བཏང་བ་རེད། “ཐག་རིང་ལུང་ཁུག་ས་ཁུལ་ཡིན་ནའང་ཁོར་ཡུག་སྲུང་སྐྱོང་ལ་སྣང་ཆུང་བྱེད་མི་རུང་། རྒྱ་ཆེ་བའི་གཞུང་ལམ་དང་མཛེས་སྡུག་ལྡན་པའི་རྩྭ་ཐང་མཉམ་དུ་གནས་པ་བྱས་ཡོད། དེའི་ཐད་སྲིད་གཞུང་གིས་ལས་དོན་ཡག་པོ་བསྒྲུབས་འདུག”ཅེས་བྲག་པོ་ཤང་གི་མང་ཚོགས་བསྟན་པ་སྲི་ཆོད་ཀྱིས་དེ་ལྟར་བཤད།

    “ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཐེན་ལའེ་རོལ་རྩེད་གྲོང་གྱི་ས་འོག་ཆུ་འགྲོ་ཡག་པོ་མེད་པས་སྐབས་འགར་བཙོག་ཆུ་ལུད་ཡོང་ནས་དྲི་ངན་གང་སར་ཁ་བའི”གནད་དོན་ལ་དམིགས་ཏེ་ས་གནས་དེ་གའི་འབྲེལ་ཡོད་སྡེ་ཚན་གྱིས་རོལ་རྩེད་གྲོང་དེར་འཕྲལ་དུ་ས་འོག་ཆུ་འགྲོ་བཤངས་ནས་སྐྱོན་ཤོར་བའི་བཙོག་ཆུ་འབུད་ས་ཉམས་བཟོ་བྱེད་པའི་ཐོག་ཁེབས་གཅོད་བསྒར་བ་དང་འབྲེལ་མཐའ་འཁོར་གྱི་གད་སྙིགས་གཙང་སེལ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། “སྲིད་གཞུང་གིས་དུས་ཐོག་ཏུ་ཐག་གཅོད་བྱས་སོང་། ད་ལྟ་དྲི་ངན་མི་འདུག”ཅེས་ཉེ་འཁོར་གྱི་གྲོང་མི་རྒན་མོ་ཚེ་རིང་ལྷ་སྐྱིད་ཀྱིས་དགའ་ཚོར་ཆེན་པོས་བཤད།

    ནག་ཆུ་ས་ཁུལ་ནག་ཆུ་རྫོང་དུ་ཤོ་མོང་ཤང་ནས་ཡོས་ཕྱག་ཤང་བར་གྱི་གཞུང་ལམ་ཨར་སྐྲུན་བྱེད་རིང་། ཨར་སྐྲུན་རྒྱུ་ཆ་ཡག་པོ་བཞག་མེད་པ་དང་། གད་སྙིགས་རིགས་མ་དབྱེ་བ། ས་རོ་གང་སར་དབྱུགས་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། ས་གནས་དེ་གའི་འབྲེལ་ཡོད་སྡེ་ཚན་གྱིས་ཨར་སྐྲུན་ཚན་པར་ཆད་པ་བཅད་ནས་འཕྲལ་དུ་དག་ཐེར་བྱེད་དགོས་པའི་བླང་བྱ་བཏོན་པ་དང་འབྲེལ་རྣམ་གྲངས་དེར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་འབྲེལ་ཡོད་འགན་འཁུར་མི་སྣའི་འགན་འཁྲི་བདའ་འདེད་བཏང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།