[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ཧི་མ་ལ་ཡ་རི་མཐོ་ཁོར་ཡུག་སྲུང་སྐྱོང་ཐེབས་རྩ་ལྷན་ཚོགས་བཙུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-07-25

    བོད་ཀྱི་རི་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་བྱ་གཞག་འཕེལ་རྒྱས་ལ་སྐུལ་གཏོང་དང་དེ་བཞིན་རི་ཁུལ་གྱི་ཞིང་འབྲོག་པའི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་རྒྱབ་སྐྱོར་བྱ་ཆེད། ཉིན་ཤས་གོང་བོད་ལྗོངས་ཧི་མ་ལ་ཡ་རི་མཐོ་ཁོར་ཡུག་སྲུང་སྐྱོང་ཐེབས་རྩ་ལྷན་ཚོགས་ལྷ་སར་བཙུགས་པ་རེད།

    རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཉི་མ་ཚེ་རིང་གིས་བོད་ལྗོངས་ཧི་མ་ལ་ཡ་རི་མཐོ་ཁོར་ཡུག་སྲུང་སྐྱོང་ཐེབས་རྩ་ལྷན་ཚོགས་ནི་བོད་རང་སྐྱོང་ལྗོངས་རི་འཛེག་ལུས་རྩལ་དོ་དམ་ལྟེ་གནས(བོད་ལྗོངས་རི་འཛེག་མཐུན་ཚོགས)དང་བོད་ལྗོངས་གནས་རིའི་རི་འཛེག་མྱུལ་དཔྱད་ཞབས་ཞུ་ཀུང་སི་གཉིས་པོས་མཉམ་དུ་བཙུགས་པ་ཞིག་རེད་ཅེས་ངོ་སྤྲོད་བྱས། མིག་སྔ་བར། བོད་ལྗོངས་ཧི་མ་ལ་ཡ་རི་མཐོ་ཁོར་ཡུག་སྲུང་སྐྱོང་ཐེབས་རྩ་ལྷན་ཚོགས་ཀྱིས་མ་དངུལ་སྒོར་ཁྲི་300ཙམ་གྲབས་གསོག་བྱས་ཟིན་པ་རེད།

    བོད་ལྗོངས་ཧི་མ་ལ་ཡ་རི་མཐོ་ཁོར་ཡུག་སྲུང་སྐྱོང་ཐེབས་རྩ་དེ་བོད་ལྗོངས་ཧི་མ་ལ་ཡའི་རི་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་བྱ་གཞག་ལ་རྒྱབ་སྐྱོར་བྱ་རྒྱུར་སྤྱོད་རྒྱུ་དང་ཁུལ་དེའི་ཞིང་འབྲོག་མང་ཚོགས་ཁོར་ཡུག་སྲུང་སྐྱོང་ལས་དོན་ནང་ཞུགས་ནས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱེད་པ་དང་ཧི་མ་ལ་ཡའི་རི་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་བྱ་གཞག་འཕེལ་རྒྱས་ཁྲོད་ཁྱད་དུ་འཕགས་པའི་ལེགས་སྐྱེས་འབུལ་མཁན་ཚོགས་པ་དང་མི་སྒེར་ལ་གཟེངས་བསྟོད་བྱེད་པ་བཅས་ཀྱི་སྒོ་ནས་བོད་ཀྱི་རི་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་ནུས་ལྡན་བཏང་སྟེ་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།