[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ལྷ་ས་གྲོང་ཁྱེར་གྱིས“བྱེ་ཐང་ཅན་དུ་འགྱུར་རྒྱུ་དང་ཐན་པ་འགོག་བཅོས་ཀྱི་འཛམ་གླིང་ཉིན་མོའི”དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-07-12

    སྤྱི་ཚོགས་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་ཀྱི་འདུ་ཤེས་ཟབ་ཏུ་་གཏོང་བ་དང་། བྱེ་འགོག་ལས་དོན་མི་སྣ་དང་སྤྱི་ཚོགས་སྤྱི་དམངས་ཀྱི་འབད་བརྩོན་ལྷོད་མེད་དང་དཀའ་སྤྱད་འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུར་སྐུལ་ལྕག་བྱེད་པ། བྱེ་འགོག་བྱེ་བཅོས་ཀྱི་བྱ་གཞག་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱ་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་ནགས་ལས་ཅུས་སོགས་ཚན་པ་དགུ་ཡིས“བྱེ་ཐང་ཅན་དུ་འགྱུར་རྒྱུ་སྔོན་འགོག་བྱས་ནས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    ལྷ་ས་གྲོང་ཁྱེར་ནགས་ལས་ཅུས་ཀྱིས་བྱེད་སྒོ་སྤེལ་ཡུལ་དུ་བྱེ་འགོག་བྱེ་བཅོས་ལས་དོན་གྱི་པར་རིས་འགྲེམས་པང་བསྟན་ནས་མང་ཚོགས་ལ་བྱེ་འགོག་བྱེ་བཅོས་ཀྱི་ཞིབ་ཕྲའི་བྱེད་ཐབས་དྲིལ་བསྒྲགས་བྱས་པ་དང་འབྲེལ་རྒྱ་སེ་མེ་ཏོག་དང་སྟག་མ་མེ་ཏོག་སོགས་ཀྱི་སྡོང་རྐང་1000ལྷག་ཙམ་སྤྲད་པ་རེད། ལྷ་ས་གྲོང་ཁྱེར་ནགས་ལས་ཅུས་དཔྱད་ཞིབ་ཇུས་བཀོད་སུའོ་ཡི་སུའུ་ཀྲང་འཇིགས་མེད་རྣམ་རྒྱལ་གྱིས“ད་ཐེངས་ང་ཚོས་མང་ཚོགས་ལ་རྒྱ་སེ་མེ་ཏོག་དང་སྟག་མ་མེ་ཏོག་གི་སྡོང་རྐང་སྤྲད་པ་དང་འབྲེལ་བྱེ་འགོག་དང་། བྱེ་འཇགས། རླུང་འགོག་བཅས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་ཡོད། ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་ནས་བྱེ་འགོག་བྱེ་བཅོས་ཀྱི་ལས་དོན་ནང་མང་ཚོགས་དེ་བས་མང་བ་ཞུགས་ཐུབ་པ་བྱས་ནས་ང་ཚོའི་འཚོ་བའི་ཁོར་ཡུག་དེ་བས་མཛེས་སུ་འགྲོ་རྒྱུའི་རེ་བ་ཡོད”ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།