[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ཁོར་ཡུག་སྲུང་སྐྱོང་གི་འགག་སྒྲོལ་བྱེད་དགོས་ན“ཁུག་ཀྱོག”དང“གྲིབ་ཆ”དག་མེད་པ་བཟོ་དགོས།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-07-12

    ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་སྦྲགས། ས་གནས་ཁག་གིས་དག་ཐེར་བྱེད་ཐབས་རྒྱུན་ཆད་མེད་པར་ལག་ལེན་བསྟར་ཤུགས་ཆེ་རུ་བཏང་ནས་ཁོར་ཡུག་སྦགས་བཙོག་གི་གནད་དོན་ཁག་གཅིག་དམར་འདོན་དང་དག་ཐེར་བྱས་ཡོད། འོན་ཏེ་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་བསྔགས་བརྗོད་བྱེད་པ་དང་ཆབས་ཅིག་ས་ཁུལ་ཁག་གཅིག་ལ་བཅོས་སྒྲིག་བྱེད་རིང་གནད་དོན་ཆེ་རིགས་ལ་དམ་འཛིན་བྱེད་པ་ལས་ཆུང་རིགས་ལ་དོ་སྣང་མི་བྱེད་པའི་བསམ་བློ་གཏོང་སྟངས་དེ་འདྲ་ཞིག་སྔར་བཞིན་ཡོད་པ་དང་སྦགས་བཙོག་འབྱུང་ཁུངས་ལ་ལྟ་སྐུལ་དོ་དམ་བྱེད་པའི་ཐད“ཁུག་ཀྱོག”དང“གྲིབ་ཆ”སྔར་བཞིན་ཡོད་པ་མཐོང་ཐུབ་པ་བྱེད་དགོས།

    སྦགས་བཙོག་འབྱུང་ཁུངས་འབྲིང་ཆུང་གི་གནོད་འཚེར་སྣང་ཆུང་བྱེད་མི་རུང་། ཧྲན་ཏུང་ལྷོ་རྒྱུད་དང་ཧྲན་ཤིས་སོགས་རྡོ་སོལ་ཐོན་སྐྱེད་རྟེན་གཞིའི་མཐའ་འཁོར་དུ་ཁྱབ་ཆེ་བའི་སོལ་རྡོ་རོ་ཏོའི་སོ་ཕག་ཁེ་ལས་ལ་ཆ་མཚོན་ན། སྦགས་བཙོག་ཁེ་ལས་འགའ་ཞིག་གིས་ཕྱོགས་གཅིག་ནས་དབྱང་གཉིས་ལིའུ་འགྱུར་དང་ཐལ་རྡུལ་སོགས་སྦགས་བཙོག་དངོས་རིགས་ཕོན་ཆེན་འབུད་སྐྱུར་བྱེད་པ་དང་ཕྱོགས་གཞན་ཞིག་ནས་མ་གནས་དམའ་བའི་ལེགས་ཆར་བརྟེན་ནས་སྨྱོ་བ་ལྟར་སྐྱེད་སྲིང་ཡོང་ཐབས་བྱེད་ཀྱི་ཡོད།

    གནས་ཚུལ་དེ་རིགས་ཡུན་རིང་ལྷག་པར་རྒྱུ་རྐྱེན་མང་བ་སྟེ། ཁེ་ལས་དེ་རིགས་གཞི་ཁྱོན་ཆུང་བའི་ཁར།གྲོང་གསེབ་ས་ཁུལ་ལམ་ཡང་ན་འགྲིམ་འགྲུལ་སྟབས་མི་བདེ་བའི་ཞིང་ཆེན་སྦྲེལ་མཚམས་སུ་གནས་པས་ལྟ་སྐུལ་དོ་དམ་གྱི“གྲིབ་ཆ”ལ་འགྱུར་སླ་བ་དང་གཅིག ས་ཁུལ་འགའ་ཞིག་གིས་ཁེ་ལས་ལ་ཁོར་ཡུག་སྲུང་སྐྱོང་སྒྲིག་ཆས་སྒྲིག་སྦྱོར་བྱེད་དགོས་པའི་བླང་བྱ་བཏོན་རུང་། གྲོང་ཁྱེར་རིམ་པའི་ལྟ་སྐུལ་དོ་དམ་གྱི་ལས་སྟེགས་ནང་འཇུག་འགོར་བའི་དབང་གིས་ལྟ་སྐུལ་དོ་དམ་ཐད“སྦྲེལ་མཚམས་ཆད་པ”ལྟ་བུའི་གནད་དོན་ལྷག་པ་དང་གཉིས། མང་ཚོགས་ཀྱིས་ཐེར་འདོན་བྱས་པའི་རྒྱང་ཐག་རིང་ལ་ཐར་ཐོར་ཡིན་པའི་སྦགས་བཙོག་འབྱུང་ཁུངས་ལ་ས་གནས་རེ་གཉིས་ཀྱི་གཞི་རིམ་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱིས“ཤེས་ཀྱང་མ་ཤེས་མདོག་་བྱས་པ”ལས་འགོག་བཅོས་ཀྱི“གྲིབ་ཆ”ལྟ་བུ་ཆགས་པ་དང་གསུམ་བཅས་རེད།

    ཁེ་ལས་ཆེ་རིགས་དང་རྣམ་གྲངས་ཆེ་རིགས་ལ་ལྟ་སྐུལ་དོ་དམ་ནན་པོ་བྱ་རྒྱུ་ནི་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་ནང་དོན་གལ་ཆེན་ཞིག་རེད་ལ། ཁེ་ལས་ཆུང་རིགས་དང་སྦགས་བཙོག་འབྱུང་ཁུངས་ཆུང་རིགས་ལ་ལྟ་སྐུལ་དོ་དམ་ནན་པོ་བྱེད་དགོས་པའང་གལ་ཆེན་པོ་ཞིག་རེད། ཁོར་ཡུག་སྲུང་སྐྱོང་གི་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ལེན་ཐུབ་མིན་གྱི་འགག་རྩ་དེ་རྒྱ་ཆེའི་གྲོང་གསེབ་ས་ཁུལ་གྱི་སྦགས་བཙོག་འབྱུང་ཁུངས་བཅོས་སྒྲིག་དངོས་འབྲེལ་ཡག་པོ་བྱེད་ཐུབ་མིན་ལ་ཐུག་ཡོད།

    མཐར་གཏུགས་ནས་བཤད་ན། ཁོར་ཡུག་བཅོས་སྒྲིག་བྱ་རྒྱུ་དེ་གཙང་སྦྲའི་ལས་འགུལ་ཆེན་པོ་ཞིག་དང་མཚུངས་ཤིང་། ཕན་འབྲས་ཐོབ་པར་བྱེད་བསམས་ན་ཧུར་བརྩོན་དང་ཞིབ་ཚགས་བྱ་རྒྱུ་རང་ལས་མེད། དེས་ན་ཡར་ལངས་ནས་ལྟ་སྐབས་མི་མཐོང་བ་དག་མར་བསྡད་དེ་ལྟ་བ་དང་ཆེ་ཤེལ་འཁྱེར་ནས་ལྟ་བ། མིས་མི་མཐོང་བ་དག་དེང་དུས་ཀྱི་ལྟ་ཞིབ་ཚད་ལེན་ཡོ་བྱད་དང་ཞིབ་དཔྱད་ཚད་ལེན་ཡོ་བྱད་སྤྱད་ནས་ལྟ་བ། “རྙིང་ཆེ་དཀའ་གསུམ་གྱི་གནད་དོན་དང་དེ་བཞིན་གྲིབ་ཆ”སོགས་ཐད་ཡར་རྒྱུག་མར་རྒྱུག་མང་ཙམ་དང་སེམས་རྣལ་དུ་ཕབ་ནས་ཐག་གཅོད་ཡོང་ཐབས་བྱེད་པ། སྲིད་གཞུང་གི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆུང་བའི་ལྷུ་ཚིགས་ཐད་མང་ཚོགས་སྐུལ་སློང་མཁས་པོ་བྱེད་པ་དང་སྦྲགས། མང་ཚོགས་ལ་ཁོར་ཡུག་གནས་ཚུལ་ཤེས་རྟོགས་བྱེད་དབང་དང་། སྦགས་བཙོག་རིགས་ལ་ལྟ་སྐུལ་བྱེད་དབང་། ཐབས་ཇུས་གཏན་འབེབས་དང་སྐད་ཆ་ཤོད་དབང་བཅས་ཐོབ་པར་བྱས་ཏེ་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཁོར་ཡུག་སྲུང་སྐྱོང་དམག་འཐབ་ལེགས་པར་རྒྱག་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།