[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ལྗོངས་ཕྱིའི་ཡུལ་སྐོར།
  • གཟི་རྩ་སྡེ་དགུར་ལས་གཉེར་བྱེད་མཚམས་བཞག་ནས་ཉམས་གསོ་བྱེད་འགོ་ཚུགས་རྐྱེན།

    འདབ་པའི་ཉི་རྟེན་འཁྲུག་ཆ་དོད་དུ་སོང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-09

    ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། སི་ཁྲོན་གྱི་ཁྱད་ལྡན་ཡུལ་སྐོར་རྣམས་གྲངས་ཀྱི་ཡིད་དབང་འགུགས་ཤུགས་མ་ཉམས་པ་དང་དུས་མཚུངས། འདི་ལོའི་རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་རིང་བོད་རིགས་ས་ཁུལ་དུ་ཡུལ་སྐོར་བྱེད་མཁན་ཧ་ཅང་མང་དུ་ཕྱིན་ཡོད་པ་རེད།

    སི་ཁྲོན་ཞིང་ཆེན་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་ནས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་རིང་གཟི་རྩ་སྡེ་དགུའི་མཛེས་ལྗོངས་ཁུལ་དུ་ལས་གཉེར་བྱེད་མཚམས་བཞག་ནས་ཉམས་བཟོ་བྱེད་བཞིན་ཡོད་པས་ཡུལ་སྐོར་མི་གྲངས་ཕོན་ཆེན་ཆག་ཡོད་མོད། སྐུ་བླ་གཞི་བདག་དང་འདབ་པའི་ཉི་རྟེན་སོགས་བོད་རིགས་ས་ཁུལ་གྱི་ཡུལ་སྐོར་ལམ་ཐིག་ཁག་ཏུ་ཡུལ་སྐོར་བ་མང་དུ་ཕྱིན་ཡོད། བསྡོམས་རྩིས་ལས་མངོན་པར། འདབ་པའི་ཉི་རྟེན་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བའི་མི་གྲངས་བསྟུད་མར་འཕར་ནས་མཛེས་ལྗོངས་ཁུལ་གྱི་ཉིན་རེའི་སྣེ་ལེན་ཞུ་མང་ཤོས་སུ་སླེབས་པས་ཚད་བཀག་དང་ལམ་གཤོང་ཁྲིད་སྟོན་གྱི་བྱ་ཐབས་སྤྱད་པ་རེད། གསར་འགོད་པར་ཤེས་རྟོགས་བྱུང་བར། དུས་ཆེན་གོང་དུ་མཛེས་ལྗོངས་ཁུལ་དོ་དམ་ཅུས་ཀྱིས་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱི《མཛེས་ལྗོངས་ཁུལ་གྱི་སྣེ་ལེན་ཞུ་མང་ཤོས་ཞིབ་དཔྱད་གཏན་འཁེལ་བྱེད་པའི་ཚད་གཞི》ལྟར། ཚན་རིག་དང་མཐུན་པའི་ཞིབ་དཔྱད་གཏན་འཁེལ་བྱས་རྗེས་མཛེས་ལྗོངས་ཁུལ་གྱི་ཉིན་རེའི་སྣེ་ལེན་ཞུ་མང་ཤོས་ཀྱི་ཚད་གཞི་མི་གྲངས་16054ཡིན་པའི་གཏན་འཁེལ་བྱས་པ་དང་། རྫོགས་ལྡན་གཟའ་འཁོར་རིང་ཉིན་ཕྱེད་མ་ཟིན་གོང་ནས་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་ཉིན་རེའི་སྣེ་ལེན་ཞུ་མང་ཤོས་ཟིན་ཚེ། མཛེས་ལྗོངས་ཁུལ་གྱིས་གནས་སྐབས་སྤ་སེ་འཚོང་མཚམས་འཇོག་རྒྱུ་དང་ཡུལ་སྐོར་བར་མི་མང་ཤོས་ལས་གཡོལ་ནས་ཡུལ་སྐོར་བྱ་རྒྱུའི་ཁྲིད་སྟོན་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་པ་རེད།

    འདབ་པའི་ཉི་རྟེན་མཛེས་ལྗོངས་ཁུལ་དེ་རི་བོ་གསུམ་དང་དེ་བཞིན་ཉེ་འཁོར་གྱི་གཙང་པོ་དང་། མཚེའུ། ས་མཐོའི་ནེའུ་གསིང་བཅས་ལས་གྲུབ་པ་དེའི་ཐུན་མིན་གྱི་ས་ཁམས་དང་གདོད་མའི་སྣོད་བཅུད་མཛེས་ལྗོངས་ལ་ཡུལ་སྐོར་བ་དེ་བས་མང་བས་དགའ་པོ་བྱེད་ཅིང་། ཡུལ་སྐོར་བྱེད་མང་ཤོས་དུས་ལ་ཁ་གཏད་གཅོག་ཕྱིར་འདབ་པའི་ཉི་རྟེན་མཛེས་ལྗོངས་ཁུལ་གྱིས་གསར་ཉོ་དང་བོགས་ལེན་སོགས་ཀྱི་བྱ་ཐབས་བརྒྱུད་ཡུལ་སྐོར་བ་སྐྱེལ་འདྲེན་གྱི་འཁོར་རིགས་མང་དུ་ཤུགས་ཆེན་བཏང་ནས་མཛེས་ལྗོངས་ཁུལ་གྱི་མོར་ཆེན་83ནས་163བར་མང་དུ་བཏང་བ་དང་གློག་སྒུལ་མོ་ཊ་60ནས་100བར་མང་དུ་བཏང་བ་རེད། དེ་མིན། མཛེས་ལྗོངས་ཁུལ་གྱིས་སྤ་སེ་བཤེར་བའི་འཕྲུལ་འཁོར་ཕྱོགས་ཡོངས་ནས་རིམ་སྤོར་བྱས་ཏེ་ཚང་མར་གློག་རྡུལ་ཅན་གྱི་ཐབས་ཤེས་སྤྱད་པས་ཡུལ་སྐོར་བས་གྲོང་མིའི་ཐོབ་ཐང་ལག་ཁྱེར་དང་ལག་ཐོགས་ཁར་པར་གྱི་རྩ་གཉིས་ཨང་རྟགས་ལ་བརྟེན་ནས་མཛེས་ལྗོངས་ཁུལ་དུ་འཛུལ་ཆོག་ལ། རིམ་སྤོར་བྱས་པའི་སྤ་སེ་བཤེར་བའི་འཕྲུལ་འཁོར་གྱིས་ཆུ་ཚོད་རེར་མི་ཐེངས་6000གི་སྤ་སེ་བཤེར་ཐུབ་པས་ཡུལ་སྐོར་བའི་སྒུག་ཡུན་ཐུང་དུ་ཤུགས་ཆེན་བཏང་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།