[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ལྗོངས་ཕྱིའི་ཡུལ་སྐོར།
  • གེ་སར་རྟ་རྒྱུག་དུས་ཆེན་སྐབས་བཅུ་གཅིག་པ་ཀན་ལྷོ་རྨ་ཆུར་འགོ་ཚུགས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2017-08-18

    1.png

     འདི་ནི་བོད་རིགས་འཁྲབ་སྟོན་པས་ལྟད་མོ་བར་ཞབས་བྲོ་འཁྲབ་པའི་གནས་ཚུལ་ཡིན་པ།

    2.png

     འདི་ནི་ཟླ་8ཚེས་13ཉིན་རྟ་པས་རྟ་རྒྱུག་དུས་ཆེན་གྱི་འགོ་ཚུགས་མཛད་སྒོར་རྟ་རྩལ་ངོམས་པའི་གནས་ཚུལ་ཡིན་པ།

    ཟླ་8ཚེས་13ཉིན་ཀན་ལྷོའི་ཤམ་བྷ་ལ·རྨ་ཆུའི་གེ་སར་རྟ་རྒྱུག་དུས་ཆེན་སྐབས་བཅུ་གཅིག་པ་ཀན་ལྷོ་རྨ་ཆུར་འགོ་ཚུགས་པ་དང་། རྨ་ཆུ་ནི་ཀྲུང་གོའི་གྲགས་ཅན་གྱི་རྟ་ཐོན་ཡུལ་གྱི་ལྟེ་བར་གནས་པ་དང་། དེར་གནའ་སྔ་མོ་ནས་བཟུང་རྟ་རྒྱུག་འགྲན་བསྡུར་བྱེད་པའི་སྲོལ་རྒྱུན་ལྡན་ཡོད། 2012ལོར་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས“ཀྲུང་གོའི་རྟ་རྒྱུག་གི་ཕ་ཡུལ”ཞེས་པའི་མིང་བཏགས། ཉེ་བའི་ལོ་ཤས་རིང་། གེ་སར་རྟ་རྒྱུག་དུས་ཆེན་གྱི་གཞི་ཁྱོན་དང་དེའི་ཤུགས་རྐྱེན་ཐེབས་ཤུགས་ཉིན་རེ་ལས་མ་འདས་པར་ཆེ་རུ་ཕྱིན་ནས་ཀྲུང་གོའི་ནུབ་རྒྱུད་གྲངས་ཉུང་མི་རིགས་ས་ཁུལ་གྱི་ལུས་རྩལ་འདུ་འཛོམས་དང་གྲགས་ཅན་གྱི་ཡུལ་སྐོར་སྤུས་རྟགས་ལ་གྱུར་ཡོད། སྐབས་འདིའི་རྟ་རྒྱུག་དུས་ཆེན་ཉིན་5ཡིན་པ་དང་དེའི་རིང་རྒྱལ་ཡོངས་ཀྱི་འཐུས་མི་རུ་ཁག་40ཡི་འགྲན་ཞུགས་བདམས་ཐོན་པ་643གྱིས་འགྲན་བསྡུར་བྱ་རྒྱུ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།