[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ལྗོངས་ཕྱིའི་ཡུལ་སྐོར།
  • མཚོ་སྔོན་གནའ་ལམ་རྟེན་རྫས་བཤམས་མཛོད་ཁང་གིས་ཡུལ་སྐོར་བའི་ཡིད་དབང་འཕྲོག་པ།

  • ཡོང་ཁུངས།   མི་དམངས་དྲ་བའི་འཕྲིན།    |    རྩོམ་པ་པོ།      |    སྤེལ་དུས།   2017-07-06

    F2017070609111371267302092.jpg

    མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་སྟོང་སྐོར་རྫོང་གི་ཉི་ཟླ་རི་བོའི་མཛེས་ལྗོངས་ཁུལ་དུ་བསྐྲུན་ཡོད་པའི་གནའ་ལམ་རྟེན་རྫས་བཤམས་མཛོད་ཁང་དུ"ཤེས་རིག་ཁྱབ་སྤེལ། གནའ་ལམ་གསར་གཏོད"ཅེས་པ་དང"མི་རིགས་འགྲོ་འོང་། ཤར་ནུབ་འགྲིམ་འགྲུལ"ཞེས་པའི་འགྲེམས་ཁུལ་གཉིས་སུ་ཕྱེ་ཡོད་ཅིང་། རིག་དངོས་ངོ་མཚར་བ་སྣ་མང་ལས་དམིགས་སུ་བཀར་ནས་ས་གནས་དེ་གའི་ཚོན་རྫའི་རིག་གནས་དང་འ་ཞའི་རིག་གནས་བསྐྱར་དུ་བསྟན་པ་དང་། དར་གོས་འགྲུལ་ལམ་དང་བོད་ཐང་གནའ་ལམ་གྱི་དར་རྒྱས་བྱུང་ཚུལ་ར་སྤྲོད་བྱས་ཡོད་པས། ཡུལ་སྐོར་བ་ཚོས་ཉི་ཟླ་རི་བོའི་མཛེས་ལྗོངས་ལ་རོལ་མྱོར་བྱེད་པ་དང་། དུས་མཚུངས་སུ་ས་གནས་དེ་གའི་ལོ་རྒྱུས་རིག་གནས་ལ་ཡང་རྒྱུས་ལོན་བྱེད་ཐུབ་ཀྱི་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།