[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཡུལ་སྐོར་ཕྱོགས་སྟོན།>ལམ་ཐིག
  • དགུན་དུས་ཉིང་ཁྲིའི་ལྗོངས་ཁུལ་ཚང་མའི་སྒོ་འཛིན་རིན་པ་ཕྱེད་ཀ་བཅག་རྒྱུ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-10-25

    དགུན་དུས་ཉིང་ཁྲིར་ཡུལ་སྐོར་བྱེད་པའི་བརྗོད་བྱ་གཙོ་བོ་གསུམ་ཡིན་ཏེ།གཅིག་ནི་ཉང་ཆུ་གཙང་པོའི་མཛེས་ལྗོངས་རྒྱུད་དུ་པར་ལེན་པའི་ཡུལ་སྐོར་དང་།གཉིས་ནི་དམངས་སྲོལ་ཉམས་ལེན་ཡུལ་སྐོར།གསུམ་ནི་འཛམ་གླིང་གྲོག་རོང་ཆེ་ཤོས་ཏེ།ཡར་ཀླུང་གཙང་པོ་གྲོག་རོང་ཆེ་མོར་རྐང་ཐང་དུ་བསྐྱོད་པ་བཅས་ཡིན་ཞིང་།གྲོག་རོང་ཆེ་མོར་འཛུལ་བའི་བརྒྱུད་རིམ་ནང་།ཀྲུང་གོའི་མཛེས་ཤོས་ཀྱི་འཁྱགས་རོམ་དང་།གདོད་མའི་ནགས་ཚལ་གྱི་མཛེས་པ་ལོངས་སུ་སྤྱད་ཆོག་ལ།ཀླུ་ནང་གྲོག་རོང་མཛེས་ལྗོངས་ཁུལ་དང་།ཀྲུང་གོའི་མཛེས་ཤོས་ཀྱི་རི་བོ་གནམ་ལྕགས་འབར་བ་སོགས་ལ་བལྟས་ཏེ་མིག་གི་ལོངས་སྤྱོད་ཡོངས་སུ་གྱུར་ཐུབ།

    ཡུལ་སྐོར་དེ་བས་མང་བ་དགུན་དུས་ཉིང་ཁྲིའི་མཛེས་པ་ཉམས་སུ་མྱོང་ཆེད།འདི་ལོ་ཉིང་ཁྲི་གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱིས་ལྗོངས་ཁུལ་ཁག་གི་ཁྱད་ཆོས་ལ་གཞིགས་ཏེ།ཡུལ་སྐོར་ལམ་ཐིག་གསུམ་གཏོད་རྒྱུ་སྟེ།ལམ་ཐིག་དང་པོ།སྒེར་འཁོར་བཏང་ནས་རྒྱལ་ལམ་318——སྤོ་བོ་རྫོང(རྨིག་སྟོད་འཁྱགས་རོམ་དང་གམ་གྱི་གསོམ་ཤིང་ནགས་ཚལ)——བག་ཡིབ་ཁུལ(ཀླུ་ནང་མཛེས་ལྗོངས་ཁུལ)——བག་ཡིབ་ཁུལ(ཉང་ཆུ་གཙང་པོ)——བརྒྱད་གཅིག་གྲོང་རྡལ་བཅས་དང་།ལམ་ཐིག་གཉིས་པ།སྒེར་འཁོར་བཏང་ནས་རྒྱལ་ལམ་318——སྤོ་བོ་རྫོང(རྨིག་སྟོད་འཁྱགས་རོམ་དང་གམ་གྱི་གསོམ་ཤིང་ནགས་ཚལ)——བག་ཡིབ་ཁུལ(ཀླུ་ནང་མཛེས་ལྗོངས་ཁུལ)——སྨན་གླིང་རྫོང(ཡར་ཀླུང་གཙང་པོའི་རོང་ཆེན་དུ་འཛུལ་ས)——སྨན་གླིང་རྫོང(གནས་ཡུལ་མཛེས་ལྗོངས་ཁུལ)ལམ་ཐིག་གསུམ་པ།སྒེར་འཁོར་བཏང་ནས་རྒྱལ་ལམ་318——སྤོ་བོ་རྫོང(གནས་སྟོད་འཁྱགས་རོམ་དང་གམ་གྱི་གསོམ་ཤིངནགས་ཚལ)——བག་ཡིབ་ཁུལ(ཀླུ་ནང་མཛེས་ལྗོངས་ཁུལ)——ཀོང་པོ་རྒྱ་མདའ་རྫོང(བྲག་གསུམ་མཚོ)——ལྷ་ས་བཅས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།