[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཡུལ་སྐོར་ཕྱོགས་སྟོན།>ལམ་ཐིག
  • བོད་ལྗོངས་ཀྱིས་ཡུལ་སྐོར་ལམ་ཐིག་རྩེ་གྲ་བཞི་བཏོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-09-13

    ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་གསུམ་པའི་ཐོག་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་ལྷ་ས་ལྟེ་བར་བྱས་པའི་ཡུལ་སྐོར་ལམ་ཐིག་རྩེ་གྲ་བཞི་བཏོད་ཡོད། ཡུལ་སྐོར་ལམ་ཐིག་རྩེ་གྲ་བཞི་པོ་དེ་དག་ནི་ཤར་ལྷོ་ནུབ་བྱང་བཅས་ཀྱི་སྐོར་ལམ་བཞི་ཡིན།

    ཤར་སྐོར་ལམ་ཐིག

    ཤར་སྐོར་ལམ་ཐིག་ནི་ལྷ་ས—སྟག་རྩེ—མལ་གྲོ་གུང་དཀར —བར་ལ—བྲག་གསུམ་མཚོ—ཉིང་ཁྲི—སྨན་གླིང—སྣང་རྫོང—རྒྱ་ཚ—ཆུ་གསུམ—ཟངས་རི—རྩེད་ཐང—གྲ་ནང་—གོང་དཀར—ལྷ་ས་བཅས་བར་ཡིན། མཛེས་ལྗོངས་ཁུལ་གཙོ་བོ་གཏེར་སྒྲོམ་ཆུ་ཚན་དང་། བྲག་གསུམ་མཚོ། གནས་ཡུལ་ལྷོ་པ་མི་རིགས་ཤང་། ལྷ་མོའི་བླ་མཚོ། ལྷ་རྒྱ་རིའི་ཕོ་བྲང་། བསམ་ཡས་གཙུག་ལག་ཁང་སོགས་ཡོད།

    ནུབ་སྐོར་ལམ་ཐིག

    ནུབ་སྐོར་ལམ་ཐིག་ནི་ལྷ་ས—ཆུ་ཤུར—སྣ་དཀར་རྩེ—རྒྱལ་རྩེ—པ་སྣམ—གཞིས་རྩེ—རིན་སྤུངས—སྙེ་མོ—ཆུ་ཤུར—སྟོད་ལུང་བདེ་ཆེན—ལྷ་ས་བཅས་བར་ཡིན། མཛེས་ལྗོངས་ཁུལ་གཙོ་བོ་འཇུན་པ་ཉ་པའི་གྲོང་ཚོ་དང་། ཡར་འབྲོག་གཡུ་མཚོ།  དཔལ་འཁོར་ཆོས་སྡེ། མཁའ་རེག་ལ་འཁྱགས་རོམ། བཀྲ་ཤིས་ལྷུན་པོ་དགོན། ཕ་ལྷ་གཞིས་ཀ རྒྱལ་རྩེའི་རྫོང་རི། ཐོན་མི་སམ་བྷོ་ཊའི་དྲན་གསོ་ཁང་བཅས་ཡོད།

    ལྷོ་སྐོར་ལམ་ཐིག

    ལྷོ་སྐོར་ལམ་ཐིག་ནི་ལྷ་ས—སྟག་རྩེ—མལ་གྲོ་གུང་དཀར —ཟངས་རི—རྩེད་ཐང—འཕྱོངས་རྒྱས—མཚོ་སྨད—ལྷོ་བྲག—སྣ་དཀར་རྩེ—གོང་དཀར—ཆུ་ཤུར—ལྷ་ས་བཅས་བར་ཡིན། མཛེས་ལྗོངས་ཁུལ་གཙོ་བོ་རྒྱ་མ་ལུང་ཤུར་དང་། གྲི་གུ་རྩྭ་ཐང་། བཙན་པོའི་བང་སོ། མཁར་ཆུ་མགོན། ཕུ་མ་གཡུ་མཚོ་བཅས་ཡིན། ལམ་ཐིག་དེའི་རང་བྱུང་མཛེས་ལྗོངས་ལེགས་པ་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་ཟབ་མོ་ཡོད་པས་ཡུལ་སྐོར་བ་ཚོས་གནའ་བོའི་བོད་ཀྱི་རིག་གནས་དང་། བོད་ཀྱི་ཕོ་བྲང་དང་པོ། རྨོ་ཞིང་དང་པོ་སོགས་ཀྱི་མཛེས་ལྗོངས་ལ་མྱོང་རོལ་བྱེད་ཆོག

    བྱང་སྐོར་ལམ་ཐིག

    བྱང་སྐོར་ལམ་ཐིག་ནི་ལྷ་ས—འདམ་གཞུང—ནག་ཆུ—ལྷ་རི—ཀོང་པོ་རྒྱ་མདའ—མལ་གྲོ་གུང་དཀར—སྟག་རྩེ—ལྷ་ས་བཅས་བར་ཡིན། མཛེས་ལྗོངས་ཁུལ་གཙོ་བོ་གནམ་མཚོ་དང་། འདབ་ཆགས་གླིང་ཕྲན། ལྷ་རིའི་རོང་ཆེན། གནའ་གྲོང་ཐའེ་ཀྲའོ། དགའ་ལྡན་དགོན་བཅས་ཡིན།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།