[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཡུལ་སྐོར་ཕྱོགས་སྟོན།>འགྲིམ་འགྲུལ།
  • ལྷ་ས་མེ་འཁོར་བབས་ཚུགས་ཀྱིས་དབྱར་དུས་སྐྱེལ་འདྲེན་རིང་མེ་འཁོར་གྱི་གཉེར་སྐྱོང་ལམ་ཐིག་ལེགས་སྒྲིག་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-07-10

     ཉིན་ཤས་གོང་གསར་འགོད་པར་ལྷ་ས་མེ་འཁོར་བབས་ཚུགས་ནས་ཤེས་རྟོགས་བྱུང་བར། ཟླ་7ཚེས་1ནས་ཟླ་8ཚེས་31ཉིན་བར་གྱི་དབྱར་དུས་སྐྱེལ་འདྲེན་རིང་། ལྷ་ས་མེ་འཁོར་བབས་ཚུགས་ཀྱིས་ཉིན་རེར་འགྲུལ་པ་དབོར་འདྲེན་བྱེད་ཚད་མི་གྲངས་8048ཟིན་རྒྱུ་དང་དབྱར་དུས་སྐྱེལ་འདྲེན་བྱེད་རིང་འགྲུལ་པ་དབོར་བའི་བསྡོམས་འབོར་མི་ཁྲི་42.9ཟིན་ཏེ་དུས་མཚུངས་ལས་3%ཙམ་མང་དུ་འགྲོ་རྒྱུ་དང་། དེ་དང་ཆབས་ཅིག ལྷ་ས་མེ་འཁོར་བབས་ཚུགས་ཀྱིས་མེ་འཁོར་གྱི་གཉེར་སྐྱོང་ལམ་ཐིག་ལེགས་སྒྲིག་བྱ་རྒྱུ་ཡིན་པ་རེད།

    དབྱར་དུས་སྐྱེལ་འདྲེན་རིང་། ལྗོངས་ནང་ཁུལ་དུ་མེ་འཁོར་གཉེར་སྐྱོང་ལམ་ཐིག་གཅིག་ལ་འགྱུར་ལྡོག་གཏོང་རྒྱུ་ཡིན་པ་སྟེ། མེ་འཁོར་གྱི་ཐེངས་གྲངས་ཤིག་མང་དུ་གཏོང་རྒྱུ་དང་། མེ་འཁོར་གྱི་ཐེངས་གྲངས་ཤིག་གཉེར་སྐྱོང་བྱེད་མཚམས་འཇོག་རྒྱུ། མེ་འཁོར་གྱི་འཁོར་གྲངས་འགའ་ཤས་ཀྱི་བབས་ཚུགས་སུ་མེ་འཁོར་ཁ་འགོག་ས་མང་དུ་གཏོང་རྒྱུ་དང་། མེ་འཁོར་གྱི་ལན་གྲངས་མང་པོ་ཞིག་དུས་ཐོག་ཏུ་འགྱུར་ལྡོག་གཏོང་རྒྱུ་རེད། མེ་འཁོར་གྱི་གཉེར་སྐྱོང་ལམ་ཐིག་ལ་འགྱུར་ལྡོག་གཏོང་རྒྱུ་ཡིན་པ་སྟེ། ཟི་ལིང— ལྷ་ས་བར་གྱི་Z6811/6812ལན་གྲངས་ཀྱི་མེ་འཁོར་གྱི་གཉེར་སྐྱོང་ལམ་ཐིག་དེ་ཟི་ལིང——ལྷ་ས———གཞིས་རྩེ་བཅས་བར་ལ་འགྱུར་རྒྱུ་དང་། ཟླ་7ཚེས་1ནས་ཟླ་8ཚེས་31ཉིན་བར་ལྷ་ས —— ནག་ཆུ་བར་གནས་སྐབས་འགྲུལ་སྐྱེལ་མེ་འཁོར་གཏོང་རྒྱུ་དང་། མེ་འཁོར་གྱི་འཁོར་གྲངས་ནི་Z9879/9880ཡིན་པ། ལྷ་ས ——གཞིས་རྩེ་བར་གྱི་Z8803/8804མེ་འཁོར་གཏོང་མཚམས་འཇོག་རྒྱུ་དང་མེ་འཁོར་གཏོང་འགོ་ཚུགས་པའི་དུས་ཚོད་ལོགས་སུ་བརྡ་ཐོ་གཏོང་རྒྱུ་རེད། ལྷ་ས —— གཞིས་རྩེ་དུམ་བུའི་འགྲུལ་སྐྱེལ་མེ་འཁོར་ཁ་འགོག་ས་ལེགས་སྒྲིག་བྱ་རྒྱུ་ཡིན་པ་རེད། Z6811/6812ཀྱི་མེ་འཁོར་གྱི་ལན་གྲངས་ནང་ཆུ་ཤུར་དང་། སྙེ་མོ། རིན་སྤུངས། གཞིས་རྩེ་བཅས་བར་གྱི་མེ་འཁོར་ཁ་འགོག་ས་མང་དུ་གཏོང་རྒྱུ་དང་། Z8801གྱི་མེ་འཁོར་ལན་གྲངས་ནང་སྙེ་མོ་དང་རིན་སྤུངས་ཀྱི་མེ་འཁོར་ཁ་འགོག་ས་མང་དུ་གཏོང་རྒྱུ་རེད།

    མེ་འཁོར་མང་ཆེ་བའི་དུས་ཚོད་ཆ་ཤས་ཙམ་ལས་འགྱུར་ལྡོག་མེད། འོན་ཀྱང་མེ་འཁོར་ལན་གྲངས་ཤིག་ལ་རྒྱ་ཆེའི་འགྲུལ་པས་དོ་སྣང་ཆེན་པོ་བྱེད་དགོས་སྟེ། གཞིས་རྩེ —ལྷ་ས་བར་གྱི་མེ་འཁོར་ལན་གྲངས་Z8802འབྱོར་བའི་དུས་ཚོད་དེ(ཕྱི་དྲོ)ཆུ་ཚོད་21དང་སྐར་མ་33ནས(སྔ་དྲོ)ཆུ་ཚོད་10དང་སྐར་མ་27ལ་འགྱུར་རྒྱུ་ཡིན་པ་རེད།

    གཞན་ཡང་། ཤེས་རྟོགས་བྱུང་བར་གཞིགས་ན། རྒྱ་ཆེའི་འགྲུལ་པར་སྔར་བས་སྟབས་བདེ་སྐྲུན་ཆེད། བབས་ཚུགས་ནས་སྤ་སེ་ཉོ་བ་དང་། དྲ་ཐོག་ནས་སྤ་སེ་ཉོ་བ། ལྗོངས་ནང་ཁུལ་གྱི་གྲོང་ཁྱེར་དང་ས་ཁུལ་ཁག་ཏུ་ཡོད་པའི་མེ་འཁོར་སྤ་སེ་ཚབ་ཚོང་ས་ཚིགས་7ཕུད། ལྷ་ས་མེ་འཁོར་བབས་ཚུགས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་གྲོང་ཤར་དུ་མེ་འཁོར་སྤ་སེ་ཚབ་ཚོང་བྱེད་ས་ཞིག་མང་དུ་གཏོང་རྩིས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།