[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཡུལ་སྐོར་ཕྱོགས་སྟོན།>འགྲིམ་འགྲུལ།
  • བོད་ལྗོངས་ཀྱིས་མཁའ་ལམ་གསར་པ་གཉིས་གསར་དུ་ཕྱེ་བ།

  • ཡོང་ཁུངས།   མི་དམངས་དྲ་བའི་འཕྲིན།    |    རྩོམ་པ་པོ།      |    སྤེལ་དུས།   2017-04-26

    མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་མཁའ་སྐྱོད་ཀུང་སི་ནས་ཤེས་རྟོགས་བྱུང་བ་ལྟར་ན། དབྱར་སྟོན་དུས་ལ་མཁའ་འགྲུལ་གྱི་རྣམ་པ་གསར་པ་གཏོད་ནས། ཡུལ་སྐོར་བར་དབྱར་དུས་ཀྱི་ཡུལ་སྐོར་རེ་བ་སྐོང་བའི་ཕྱིར། བོད་ལྗོངས་མཁའ་འགྲུལ་གྱིས་ཟླ་4ཚེས་23ཉིན་ནས་མཁའ་ལམ་གཉིས་གསར་དུ་སྣོན་རྒྱུ་ཡིན་པ་རེད། དེ་ནི་ལན་ཀྲོའུ་ནས་ཧོ་ཧྥེ་བར་དང་། ལན་ཀྲོའུ་ནས་ཐའེ་ཡོན་དང་། ཐའེ་ཡོན་ནས་ཡཱན་ཐའེ་བར་རེད། མཁའ་ལམ་འདི་གཉིས་གསར་དུ་བསྣན་པ་དེས་བོད་ལྗོངས་མཁའ་འགྲུལ་གྱི་དབྱར་སྟོན་གཉིས་ཀྱི་མཁའ་ལམ་དྲ་སྦྲེལ་ཇེ་ཆེར་བཏང་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མཁའ་ལམ་གསར་པ་ཕྱེ་བ་དང་མཁའ་འགྲུལ་ས་ཚིགས་གསར་པ་ཧོ་ཧྥེ་ཡི་སྤྱི་སྤྱོད་མཁའ་སྐྱོད་ཤར་བགྲོད་བྱུང་བ་དེས་ཤར་རྒྱུད་ས་ཁུལ་དང་། དབུས་རྒྱུད་ས་ཁུལ་གཉིས་ནས་ནུབ་བྱང་ས་ཁུལ་སུ་སྐྱོད་པའི་བར་སྣང་གི་ཟམ་པ་བཙུགས་པའི་དབང་གིས། གྲོང་ཁྱེར་བར་གྱི་དཔལ་འབྱོར་དང་རིག་གནས། ཡུལ་སྐོར་བཅས་སྤེལ་རེས་ལ་སྐུལ་མ་ཐེབས་རྒྱུ་དང་། ཚོང་པ་ཡུལ་སྐོར་བར་ཕྱོགས་འགྲུལ་གྱི་གདམ་ག་སྔར་ལས་མང་པོ་བྱེད་དུ་བཅུག་པ་རེད།

    ལན་ཀྲོའུ་ནི་བོད་ལྗོངས་མཁའ་འགྲུལ་གྱི་ནུབ་བྱང་ས་ཁུལ་ནས་བོད་དུ་བསྐྱོད་པའི་མཁའ་ལམ་གསར་པ་གཙོ་བོ་ཡིན་པ་དང་། མཁའ་ལམ་གསར་པ་ཕྱེ་བ་དེས་ལན་ཀྲོའུ་ས་ཁུལ་གི་མཁའ་ལམ་དྲ་སྦྲེལ་རྒྱ་སྐྱེད་པ་དང་། ཡུལ་སྐོར་བ་བོད་དུ་བསྐྱོད་ཚུལ་འཚང་ཁ་ཆེ་བའི་དུས་སུ་བོད་དུ་སྐྱོད་པའི་དཀའ་ངལ་སེལ་རོགས་བྱས་པ་རེད།

    གསར་དུ་བསྣན་པའི་མཁའ་ལམ་གྱི་དུས་ཚོད་གཤམ་གསལ་ལྟར།

    ལན་ཀྲོའུ་ནས་ཧོ་ཧྥེ་བར།

    གནམ་གྲུའི་ལན་གྲངསTV6015ལན་ཀྲོའོ་ནས་ཧོ་ཧྥེ་བར་ཆུ་ཚོད་17:50-20:00

    གནམ་གྲུའི་ལན་གྲངས་TV6016ཧོ་ཧྥེ་ནས་ལན་ཀྲོའུ་བར་ཆུ་ཚོད་21:00-23:25

    ལན་ཀྲོའུ་ནས་ཐའེ་ཡོན་དང་། ཐའེ་ཡོན་ནས་ཡཱན་ཐའེ་བར།

    གནམ་གྲུའི་ལན་གྲངསTV6016ལན་ཀྲོའུ་ནས་ཐའེ་ཡོན་བར་ཆུ་ཚོད་08:00-09:30དང་ཐའེ་ཡོན་ནས་བར་ཆུ་ཚོད་10:20-11:55

    གནམ་གྲུའི་ལན་གྲངསTV6012ཡཱན་ཐའེ་ནས་ཐའེ་ཡོན་བར་ཆུ་ཚོད་12:40-14:25དང་ཐའེ་ཡོན་ནས་ལན་ཀྲོའུ་བར་ཆུ་ཚོད་ 15:20-17:05ཡིན་པ་དང་། ཉིན་རེར་ཐེངས་རེ་འཕུར་སྐྱོད་བྱེད་པ་དང་། གནམ་གྲུ་A320གཏོང་རྒྱུ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།