[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཡུལ་སྐོར་ཕྱོགས་སྟོན།>འགྲིམ་འགྲུལ།
  • "ཁྲོན་བོད་ཟམ་པ་དང་པོ"འཆར་གཞི་བྱས་ན་སང་ལོའི་ཟླ་བརྒྱད་པའི་ནང་བསྐྲུན་ཟིན་ནས་ཤར་གཏོང་ཐུབ་རྒྱུ་ཡིན་པ།

  • ཡོང་ཁུངས།   མི་དམངས་དྲ་བའི་འཕྲིན།    |    རྩོམ་པ་པོ།      |    སྤེལ་དུས།   2017-04-12

    མི་དམངས་དྲ་བའི་འཕྲིན། གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་གཙོ་བ་དང“ཁྲོན་བོད་ཟམ་པ་དང་པོ”ཞེས་འབོད་པའི་ལྕགས་ཟམ་རྒྱལ་མོ་རྔུལ་ཆུའི་ཤིན་ཁང་ཟམ་ཆེན་ཉིན་ཤས་གོང་འདྲེན་ཐག་སྒྲོག་རུས་ཐོག་མ་བདེ་བླག་ངང་བསྐྲུན་པ་དེ་ཐོག་ནས་ཟམ་པའི་ལས་གྲྭ་གཙོ་བོ་དངོས་སུ་འཛུགས་སྐྲུན་བྱེད་འགོ་ཚུཌ་པ་མཚོན་ཡོད། ཟམ་པ་ཡོངས་ཀྱི་འདྲེན་ཐག་འདི་ལོའི་ཟླ་བརྒྱད་པར་འཁྲིད་ཐུབ་རྒྱུ་དང་2018ལོའི་ཟླ་བརྒྱད་པའི་ཟླ་མཇུག་ཏུ་ཟམ་པ་ཡོངས་སུ་བསྐྲུན་ཟིན་ནས་ཤར་གཏོང་ཐུབ་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་རུ་སྐྱོད་པའི་མྱུར་བགྲོད་གཞུང་ལམ་དང་པོ་དེ་ཡིན་ཞིང་། ཟམ་པ་བསྐྲུན་ཟིན་རྗེས་བོད་རིགས་ས་ཁུལ་དུ་སྐྱོད་པའི་མྱུར་བགྲོད་མ་ལམ་གསར་པར་འགྱུར་རྒྱུ་རེད། རྣམ་གྲངས་དེ་སི་ཁྲོན་གཤོངས་ས་ནས་མཚོ་བོད་ས་མཐོར་མྱུར་འཛེགས་བྱེད་དགོས་ཀྱི་ཡོད། གཞུང་ལམ་དེའི་ལམ་ཐིག་ཧྲིལ་པོར་སྤྱི་ལེ་135ཟིན་པ་དང་ཚོད་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་230བཏང་ཡོད། སྔོན་དཔག་བྱས་ན། འདི་ལོའི་ལོ་མཇུག་ཏུ་སྤྱི་ལེ་98ཡོད་པའི་གཡག་རྔ་ནས་ལྕགས་ཟམ་བར་གྱི་དུམ་བུ་སྔ་སྣུར་དུ་བསྐྲུན་ཐུབ་ནས་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད།

    ལྕགས་ཟམ་རྒྱལ་མོ་རྔུལ་ཆུའི་ཤིན་ཁང་ཟམ་ཆེན་ནི་གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི“ཟམ་གཅིག་ཕུག་གཅིག”གི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་གཙོ་བོའི་གྲས་ཤིག་ཡིན་ཞིང་། ཟམ་ཆེན་ཧྲིལ་པོར་སྨི་1411ཟིན་པ་དང་ཟམ་པ་གཙོ་བོའི་རིང་ཚད་སྨི་1100ཟིན་པས་འཕྲེད་བརྒལ་བྱེད་ཚད་ཆེ་ཤོས་ཀྱི་ལྕགས་ཐག་འདྲེན་པའི་ལྡིང་ཟམ་ཞིག་ཡིན། མིག་སྔར་ཟམ་པ་དེའི“ཟམ་ལྕོག་གཉིས་དང་གཏིང་རྡོ་གཉིས”ཀྱི་ཨར་ལས་མཇུག་འགྲིལ་ནས་ཚེས་5ཉིན་འདྲེན་ཐག་སྒྲོག་རུས་དང་པོ་དེ་བསྐྲུན་རྗེས་ཟམ་པ་གཙོ་བོ་འཛུགས་སྐྲུན་བྱ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།