[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཡུལ་སྐོར་ཕྱོགས་སྟོན།>ཟོག་ཉོ།
  • རྫ་ཆུ་ཁ་བའི་གྱོན་ཆས་པེ་ཅིང་རྒྱལ་སྤྱིའི་གཟབ་སྤྲོས་དུས་སུ་བསྟན་པ།

  • ཡོང་ཁུངས།   མི་དམངས་དྲ་བའི་འཕྲིན།    |    རྩོམ་པ་པོ།      |    སྤེལ་དུས།   2017-03-29


    མི་དམངས་དྲ་བའི་འཕྲིན། ཉེ་ཆར། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སེར་ཤུལ་རྫོང་གི་རྫ་ཆུ་ཁ་བའི་འབྲོག་མིའི་གྱོན་ཆས་རིག་གནས་བརྗོད་གཞི་གཙོ་བོར་བྱས་པའི་བྱེད་སྒོ་རབ་དང་རིམ་པ་པེ་ཅིང་གི་ཀྲུང་གོའི་རྒྱལ་སྤྱིའི་གྱོན་ཆས་གཟའ་འཁོར་ཏུ་ཞུགས་པ་རེད། འདི་ནི་བོད་ཀྱི་གྱོན་ཆས་སྤུས་རྟགས་རྒྱལ་སྤྱིའི་གཟབ་སྤྲོས་དུས་ལ་བསྐྱོད་པ་ཐོག་མ་རེད།

    ད་ལྟ་བར་དུ། ཀྲུང་གོ་(ཞང་ཀང་དང་ཨའོ་མོན་འདུས་པ་)དང་ཉི་ཧོང་། ཁོ་རེ་ཡ་ལྷོ་མ། སིང་ཀ་ཕོར། ཧྥ་རན་སི། དབྱི་ཐ་ལི། ཨ་རི། ཨུ་རུ་སུའུ། སུའེ་ཙེར། འཇའ་མན། ཧོ་ལན། སུའེ་ཏན། ཏེན་མག དབྱིན་ཇི་སོགས་རྒྱལ་ཁབ་550ལྷག་གི་ཇུས་འགོད་པ་དང་། སྤུས་རྟགས་ཅན་དང་ལས་ཁུངས་520ལྷག་ཙམ་གྱིས་འགྲེམས་ཚོགས་ཐེངས་གྲངས་1152ཙམ་བྱས་པ་རེད། ཇུས་འགོད་པ་དང་མོ་ཐྲོལ་3300ལྷག་ཙམ་གྱིས་ཆེད་ལས་འགྲན་བསྡུར་གྱི་སྤྱིའི་འགྲན་བསྡུར་126ལ་ཞུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་གཟབ་སྤྲོས་དུས་འགོ་ཚུགས་པའི་ཉིན་དེར། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་མཐུན་ཕོ་ཉ་མ་ལི་ཡ་ཁའེ་ཁེ་ཡིས་རྫ་ཆུ་ཁའི་བོད་གོས་གཟབ་མཆོར་སྤྲས་ནས་པེ་ཅིང་གི་རྒྱལ་སྤྱིའི་གཟབ་སྤྲོས་བྱེད་སྒོའི་འགོ་ཚུགས་མཛད་སྒོའི་གདན་དམར་ཐོག་བསྐྱོད་པ་རེད།

    ཀྲུང་གོའི་རྒྱལ་སྤྱིའི་གཟབ་སྤྲོས་དུས་ནི་1997ལོར་འགོ་ཚུགགས་ཤིང་། ལོ་རེའི་ཟླ་3ཚེས་25ཉིན་ནས་ཚེས་31བར་དང་། ཟླ་10ཚེས་25ཉིན་ནས་ཚེས་31བར་དཔྱིད་དབྱར་དང་སྟོན་དགུན་གྱི་དུས་སུ་པེ་ཅིང་དུ་གཉེར་གྱི་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།