[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • བོད་ལྗོངས་ཀྱི་གྲོང་ཁྱེར་གསུམ་རྒྱལ་ཡོངས་ཀྱི“སྙིགས་རོ་མེད་པའི་གྲོང་ཁྱེར”འཛུགས་སྐྲུན་གྱི་མིང་ཐོའི་ནང་ཚུད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-12

     གསར་འགོད་པས་ཉེ་ཆར་འཚོགས་པའི་2021ལོའི་བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པ་ལྟར་ན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་རྒྱལ་ཡོངས་སུ་རེས་སྐོར་གསར་པའི“སྙིགས་རོ་མེད་པའི་གྲོང་ཁྱེར”འཛུགས་སྐྲུན་ལས་དོན་སྤེལ་འགོ་བཙུགས་ཤིང་རང་ལྗོངས་ཀྱི་ལྷ་ས་གྲོང་ཁྱེར་དང་། གཞིས་རྩེ་གྲོང་ཁྱེར། ལྷོ་ཁ་གྲོང་ཁྱེར་བཅས་ཐེངས་འདིའི་འཛུགས་སྐྲུན་གྱི་མིང་ཐོའི་ནང་ཚུད་པ་རེད།

    “སྙིགས་རོ་མེད་པའི་གྲོང་ཁྱེར”ནི་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྲིད་སྟོན་དུ་བྱས་ནས་ལྗང་མདོག་འཕེལ་རྒྱས་གཏོང་སྟངས་དང་འཚོ་བ་སྐྱེལ་སྟངས་ཆགས་པར་སྐུལ་འདེད་བཏང་བ་བརྒྱུད་སྲ་གཟུགས་སྙིགས་རོ་འབྱུང་རྩ་ནས་ཉུང་གཏོང་དང་ཐོན་ཁུངས་ཅན་གྱི་བེད་སྤྱོད་བྱེད་པར་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་། ས་འོག་ཏུ་སྦས་ཚད་གང་ཐུབ་ཅི་ཐུབ་ཀྱིས་ཉུང་དུ་བཏང་སྟེ་སྲ་གཟུགས་སྙིགས་རོས་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཚད་དམའ་ཤོས་སུ་གཏོང་བའི་གྲོང་ཁྱེར་འཕེལ་རྒྱས་ཀྱི་རྣམ་པ་གཏོད་རྒྱུ་རེད། རེས་སྐོར་གསར་པའི“སྙིགས་རོ་མེད་པའི་གྲོང་ཁྱེར”འཛུགས་སྐྲུན་ལས་དོན་སྤེལ་འགོ་བཙུགས་ཚུན། རང་ལྗོངས་ཀྱིས་རེ་ཞུ་ཧུར་ཐག་བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་པུའུ་སོགས་སྡེ་ཚན་18ཀྱི་ཞིབ་དཔྱད་ནན་པོ་བྱས་པ་བརྒྱུད་ལྷ་ས་གྲོང་ཁྱེར་དང་། གཞིས་རྩེ་གྲོང་ཁྱེར། ལྷོ་ཁ་གྲོང་ཁྱེར་བཅས་གྲོང་ཁྱེར་3རྒྱལ་ཡོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང“སྙིགས་རོ་མེད་པའི་གྲོང་ཁྱེར”འཛུགས་སྐྲུན་བྱེད་པའི་གྲོང་ཁྱེར་113གྱི་གྲས་སུ་ཚུད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།