[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • ས་བབ་མཐོ་བའི་ནག་ཆུར་ཁམ་བུ་སྨིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-12

    QQ截图20220612100815.png

    འདི་ནི་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་རྩ་རིང་གྲོང་རྡལ་གྱི་ཡུལ་ལྗོངས་ཡིན་པ།

    2451790_huangzy_1654963200000_s.jpg

    འདི་ནི་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་རྩ་རིང་གྲོང་རྡལ་གྱི་དྲོད་ཁང་ཆེ་མོའི་ནང་བཏབ་པའི་ཁམ་བུ་ཡིན་པ།

    2451787_huangzy_1654963200000_s.jpg

    འདི་ནི་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་རྩ་རིང་གྲོང་རྡལ་གྱི་དྲོད་ཁང་ཆེ་མོའི་ནང་བཏབ་པའི་ཤིང་ཏོག་ལོ་དམར་ལི་ཡིན་པ།

    དབྱར་ཐོག་མའི་དུས་སུ་གསར་འགོད་པ་དང་བཅས་པས་རླངས་འཁོར་བཏང་ནས་བྱང་རྩྭ་ཐང་དུ་ཆས་པ་ཡིན། དགུང་སྔོན་སྤྲིན་དཀར་འོག་གི་རྩྭ་ཐང་སྔོ་མདངས་རྒྱས་བཞིན་པ་དང་མཚོ་རླབས་སྔོ་ཆིལ་ཆིལ་དུ་འཕྱོ་བཞིན་འདུག འོན་ཀྱང་མུ་མཐའ་མེད་པའི་རྩྭ་ཐང་དུ་ཤིང་སྡོང་རྐང་གཅིག་ཀྱང་མཐོང་རྒྱུ་མེད། དེ་ནི་མི་རྣམས་ལ་སྔར་ནས་བཟུང་ནག་ཆུས་བཞག་པའི་བག་ཆགས་ཟབ་ཤོས་རེད། ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཡན་གྱི་སར་མཐོ་གྲང་གསོ་རླུང་དཀོན་པ་དང་དགུན་གཞུང་རིང་ལ་དབྱར་དུས་ཐུང་བས་ལྗོན་ཤིང་སྤྱིར་ན་མཐོང་རྒྱུ་མེད།

    འོན་ཀྱང་གསར་འགོད་པ་དང་བཅས་པ་བྱ་འཕུར་བ་ལྟར་འཕེལ་རྒྱས་འགྲོ་བཞིན་པའི་ནག་ཆུར་སྐྱོད་སྐབས་ལྗོན་ཤིང་མཐོང་རྒྱུ་ཡོད་པ་མ་ཟད། གྲང་ངར་ཐེག་ཐུབ་པའི་ཐང་ཤིང་དང་། སྦྱར་པ་ཡོད་པ་མ་ཟད་ད་དུང་ཆུ་ཤིང་སོགས་ཀྱང་འདུག སྡོང་པོ་ཆུང་བ་དང་མང་པོ་མེད་པའི་དབང་གིས་གཞུང་ལམ་ནས་འགྲོ་སྐྱོད་བྱེད་མཁན་གྱིས་མཐོང་དཀའ་ཙམ་ཡོད།

    གསོ་རླུང་དཀོན་པ་དང་། གྲང་རླུང་ཤུགས་ཆེན་ལྡང་བ། འཁྱགས་ས་མཐུག་པས། ནག་ཆུར་ལྗོན་ཤིང་འདེབས་པ་ནི་ལེགས་གྲུབ་ཡོང་དཀའ་བ་ཞིག་རེད། འོན་ཀྱང་ནག་ཆུའི་ལས་བྱེད་པ་དང་མང་ཚོགས་ཚོས་རེ་ཐག་ཆད་ནས་གཏན་ནས་སྡོད་མྱོང་མེད། རླུང་ཆེན་ལྡང་ན་དྲོད་ཁང་ཆེ་མོ་རྒྱག་པ་དང་། ལག་རྩལ་གྱི་དཀའ་གནད་འཕྲད་ན་དེང་རབས་ཚན་རྩལ་ལ་བརྟེན་པ། ཤིང་འདེབས་ཐེངས་གཅིག་ལ་མ་སྐྱེས་ན་ཚོད་ལྟ་ཐེངས་མང་བྱས་ཡོད། 2021ལོའི་ཟླ་11པར་ནག་ཆུ་གྲོང་ཁྱེར་གྱིས་ཆེད་མངགས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ནག་ཆུའི་ས་བབ་མཐོ་ཚད་སྨི་4300མན་གྱི་གྲོང་ཚོ་དང་དུད་ཚང་ཚང་མར་ལྗོན་ཤིང་ཡོད་པའི་ཁྱབ་བསྒྲགས་བྱས་པ་རེད། 

    གསར་འགོད་པའི་བསམ་ཡུལ་ལས་འདས་པ་ཞིག་ནི་ས་བབ་ཧ་ཅང་མཐོ་བའི་ཨ་མདོ་རྫོང་དུ་ཡང་ལྗོན་ཤིང་སྐྱེས་ཡོད་པ་མ་ཟད། འབྲས་ཤིང་ཡང་སྐྱེས་འདུག འབྲི་ཏ་ས་འཛིན་བཏགས་པ་མ་ཟད། ཁམ་སྡོང་ལའང་འབྲས་བུ་བཏགས་འདུག དེ་དག་ས་བབ་མཐོ་བའི་ནག་ཆུ་ས་ཁུལ་དུ་དངོས་འབྲེལ་མངོན་འགྱུར་བྱུང་ཡོད། འཚོ་བར་དགའ་ཞེན་དང་གསར་གཏོད་བྱེད་ཕོད་པའི་ནག་ཆུ་བས་ལྗོན་ཤིང་འདེབས་འཛུགས་དང་ལྗོན་ཤིང་ལ་བདག་སྐྱོང་བྱས་ཏེ་མི་རྣམས་སྤྲོ་བ་རབ་ཏུ་འཕེལ་བ་དང་མི་སེམས་འགུལ་བའི་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་བཞག་ཡོད། རྩ་རིང་གྲོང་རྡལ་སྲིད་གཞུང་གི་དྲོད་ཁང་དུ་སྐྱོད་སྐབས་ཁྱེད་ལ་ཡིད་འོང་སྐྱེད་ཚལ་དུ་སླེབས་པ་ལྟར་གྱི་སྣང་བ་ཞིག་ངང་གིས་འཆར་སྲིད། དྲོད་ཁང་ཡོངས་སྔོ་ཐིང་ངེར་གྱུར་པ་དང་། ཁམ་སྡོང་དང་ལོ་དམར་ལིའི་སྡོང་པོར་འབྲས་བུ་བཏགས་འདུག

    “ང་ཚོའི་དྲོད་ཁང་ཆེ་མོ་འདི་ནི་2017ལོར་བསྐྲུན་པ་རེད། ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཚོས་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད། ད་ཆ་འདི་གར་སྔོ་ལྗང་རྩི་ཤིང་དང་སྔོ་ཚལ་ཡོད་པ་མ་ཟད། ད་དུང་ཁམ་སྡོང་4དང་ལོ་དམར་ལིའི་སྡོང་པོ་4ཡོད། འདི་ནི་ང་ཚོའི་གྲོང་རྡལ་གྱི་ནོར་བུ་རེད། འབྲས་བུ་སྨིན་པའི་དུས་ནི་བཀྲ་ཤིས་པའི་ཉིན་མོ་རེད”ཅེས་རྩ་རིང་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲེན་ཀྲང་ཀྲུའུ་ཅན་ཞོལ་གྱིས་གསར་འགོད་པར་བརྗོད་བྱུང་། ཁོང་གིས“འདི་ཙམ་མ་ཟད་ང་ཚོ་རྩ་རིང་གྲོང་རྡལ་དུ་དྲོད་ཁང་ཆེ་མོ་8ཡོད། སླད་ཕྱིན་ང་ཚོས་ལས་བྱེད་པ་སྐུལ་ཁྲིད་དང་མང་ཚོགས་ཞུགས་སུ་བཅུག་སྟེ། ལོ་ངོ་སྟོང་ཕྲག་རིང་འབྲོག་ལས་ཁོ་ན་ལས་མི་འཇོན་པའི་འབྲོག་པར་དྲོད་ཁང་ཆེ་མོའི་ནང་སྔོ་ཚལ་དང་ཤིང་འབྲས་འདེབས་སུ་བཅུག་སྟེ་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་མ་ཟད། ད་དུང་དངུལ་སྨར་ཡོང་འབབ་ཀྱང་མཐོ་རུ་གཏོང་གི་ཡིན”ཞེས་བརྗོད།

    ཀྲུའུ་ཅན་ཞོལ་གྱི་སྐད་ཆ་དེ་ལས་མིག་མདུན་གྱི་མཛེས་སྡུག་ལྡན་པའི་རྩྭ་ཐང་ལ་རེ་བས་ཁེངས་པའི་སྣང་བ་ཞིག་འཆར་བྱུང་། ནག་ཆུའི་ལས་བྱེད་པ་དང་མང་ཚོགས་ཚོས་ཁམ་སྡོང་བཏབ་པ་མ་ཟད། འབྲས་བུ་ཡང་བཏགས་པ་དེ་ནི་དངོས་འབྲེལ་ངོ་མཚར་ཆེ་བ་ཞིག་རེད།

    འབྱུང་འགྱུར་ལེ་དབར་ཁྲིའི་བྱང་རྩྭ་ཐང་དེ་བས་མཛེས་སྡུག་ལྡན་པ་མ་ཟད། སྐྱེ་སྟོབས་ཀྱི་དཔལ་འབར་ནས་འབད་འབུངས་མདུན་སྐྱོད་ཐུབ་ངེས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།