[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • བྲག་གཡབ་རྫོང་གིས་མཛེས་སྡུག་ལྡན་ཞིང་འཚོ་སྡོད་རུང་བ་ལས་ལ་འཚམ་པ་བཅས་ཀྱི་གྲོང་ཚོ་འཛུགས་སྐྲུན་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-10

    བྲག་གཡབ་རྫོང་གིས་མཛེས་སྡུག་ལྡན་པ་དང་། འཚོ་སྡོད་རུང་བ། ལས་ལ་འཚམ་པ་བཅས་ཀྱི་གྲོང་ཚོ་འཛུགས་སྐྲུན་དམིགས་ཡུལ་དུ་བཟུང་སྟེ། རིགས་ཁག་གི་ཐོན་ཁུངས་སྣ་ཚོགས་བསྡུ་སྒྲིལ་ནུས་ལྡན་དང་། ཕྱོགས་ཁག་གི་སྟོབས་ཤུགས་སྐུལ་སློང་ཧུར་ཐག ཞིང་འབྲོག་ཁུལ་གྱི་མི་འཚོ་སྡོད་ཀྱི་ཁོར་ཡུག་གི་ཞན་ཆ་གང་མགྱོགས་སེལ་བ་བཅས་བྱས་ནས། ཞིང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་མུ་མཐུད་སྐུལ་འདེད་བཏང་བ་རེད།

    གྲོང་ཚོའི་གཙང་སྦྲའི་བྱ་སྤྱོད“དུས་བཞིའི་དམག་འཐབ”གོ་སྐབས་སུ་བྱས་ནས་གྲོང་ཚོར་གཙང་སྦྲ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ཞིང་། 2021ལོའི་ཚུན་དུ་རིམ་རྩིས་བྱས་ན། རྫོང་ཡོངས་ཀྱིས་ཞིང་འབྲོག་མང་ཚོགས་ཁྲི་2ལྷག་ཙམ་སྐུལ་སློང་བྱས་ནས་གད་སྙིགས་ཏུན་1000ལྷག་ཙམ་གཙང་སེལ་བྱས་པ་དང་། ཆུ་ཡུར་སྟོང་སྨི་150ལྷག་ཙམ་བཤངས་པ། འདམ་རྫབ་ཏུན་200ལྷག་ཙམ་བཤངས་པ། ལྕང་སོན་སྣ་ཚོགས་ཁྱོན་5000ལྷག་ཙམ་བཏབ་པ། ས་གནས་དེ་གའི་སྦྱར་སྡོང་དང་། རྒྱ་ལྕང་། ཀུ་ཤུའི་སྡོང་པོ་སོགས་ལྕང་སོན་ཁྲི་7ལྷག་ཙམ་བཏབ་ཡོད། གཞན་ཡང་ད་དུང་སྐྱེ་ཁམས་ལས་གནས་ཀྱི་མི་སྣ་གདན་དྲངས་ནས་ཞིང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཞིང་། 2021ལོར་རྫོང་ཡོངས་ཀྱིས་སྐྱེ་ཁམས་ལས་གནས་ཀྱི་མི་ཁྲི་2ལྷག་ཙམ་གདན་དྲངས་ཡོད།

    ཞིང་འབྲོག་ཁུལ་གྱི་ཁྱིམ་ཚང་གི་གསང་སྤྱོད་སྒྱུར་བཀོད་དང་སྤྱི་པའི་གསང་སྤྱོད་རྒྱག་པར་སྐུལ་འདེད་ཏན་ཏིག་བཏང་ཞིང་། 2021ལོར་བྲག་གཡབ་རྫོང་གིས་ཞིང་འབྲོག་ཁུལ་གྱི་ཁྱིམ་ཚང་གི་གསང་སྤྱོད་2500སྒྱུར་བཀོད་བྱས་པ་དང་། 2020ལོའི་ཚུན་དུ་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་350ལྷག་ཙམ་བཏང་ནས་འཁན་ཐང་ཤང་སོགས་ཤང་དང་གྲོང་རྡལ་8དུ་གྲོང་གསེབ་ཀྱི་སྤྱི་པའི་གསང་སྤྱོད་9བསྐྲུན་པ། གཞན་ཡང་ད་དུང་དཀྱིལ་ཐང་གྲོང་རྡལ་གྱི་སྨོན་ལམ་ལ་དང་གྲུ་ཁ་ཟམ་ཆེན་སོ་སོར་ཡུལ་སྐོར་གསང་སྤྱོད་རེ་བསྐྲུན་ཡོད། མིག་སྔའི་བར་རིམ་རྩིས་བྱས་ན་རྫོང་དེས་སྤྱི་པའི་གསང་སྤྱོད་24བསྐྲུན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།