[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • “མཛེས་སྡུག་ལྡན་པའི་ལྷ་ས”སྔར་བཞིན་མཛེས་སྡུག་ལྡན་པ་དང་། མཁའ་རླུང་སྤུས་ཚད་ལེགས་ཚད་99.7%ཟིན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-15

    2019ལོར། བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ལོ་ཧྲིལ་པོའི་མཁའ་རླུང་སྤུས་ཚད་ལེགས་ཚད་99.7%ཟིན་པ་དང་། གཙང་པོ་དང་། ཆུ་བོ། མཚོ་བཅས་གཙོ་བོ་དང་། གྲོང་ཁྱེར་བཞིའི་གཅིག་སྡུད་འཐུང་ཆུའི་ཆུ་འགོའི་ཆུའི་སྤུས་ཚད་ལོན་ཚད་100%ཟིན་ཏེ། ཤིང་འཛུགས་ནགས་བཟོ་མུའུ་ཁྲི་7.1དང་རི་རྒྱ་བསྡམས་ནས་ནགས་བཟོ་མུའུ་ཁྲི་6.2ལེགས་གྲུབ་བྱས་ནས“མཛེས་སྡུག་ལྡན་པའི་ལྷ་ས”སྔར་བཞིན་མཛེས་སྡུག་ལྡན་པ་བྱས།

    གསར་འགོད་པར་ཚེས་12ཉིན་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག་ནས་ཤེས་རྟོགས་བྱུང་བར། འདས་ཟིན་པའི་ལོ་གཅིག་རིང་། ལྷ་ས་གྲོང་ཁྱེར་གྱིས་སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་ནན་པོས་བསྲུངས་ཏེ་རི་དང་། ཆུ། ནགས་ཚལ། ས་ཞིང་། མཚོ། རྩྭ་ཐང་བཅས་ཀྱི་མ་ལག་བཅོས་སྐྱོང་ལས་གྲྭ་སྤྱི་འདོམས་ངང་ལག་ལེན་བསྟར་ནས་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་ཁྲུང་ཁྲུང་མཇིང་ནག་སོགས་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁྱབ་ཁོངས་དང་བྱེད་ནུས་ལེགས་སྒྲིག་བྱས་ཏེ། སྣོད་བཅུད་ཁོར་ཡུག་དྲ་མིག་ཅན་ལྟ་འདོམས་སོགས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ཐོག གཙོ་གནད་ཁེ་ལས་45ལ་སྦགས་བཙོག་འབྱུང་ཁུངས་དྲ་ཐོག་ནས་རང་འགུལ་ལྟ་སྐུལ་ཚོད་འཛིན་བྱས་པ་རེད།

    གཞན་ཡང་། ལྷ་ས་གྲོང་ཁྱེར་གྱི་ཤང་དང་གྲོང་རྡལ་64ལ་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་གཏོད་འཛུགས་ཀྱི་མིང་བཏགས་པ་དང་། འདམ་གཞུང་རྫོང་ཁག་གསུམ་པའི་རྒྱལ་ཁབ་སྣོད་བཅུད་ཤེས་དཔལ་སྲོལ་འཛུགས་སྐྱོང་གི་དཔེ་སྟོན་རྫོང་དུ་བདམས་ཤིང་། དང་མཁའ་རླུང་སྤུས་ཚད་ལེགས་ཚད་རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར་168ཁྲོད་ཀྱི་ཨང་གཉིས་པར་སླེབས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།