[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • ཟླ་དང་པོ་ནས་བརྒྱད་པ་བར་རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ཁྲོད་ལྷ་ས་ཨང་གཉིས་པར་སླེབས་པ།

    མཁའ་རླུང་སྤུས་ཚད་ལེགས་ཚད་99.6%ཟིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-03

    ཉེ་ཆར། གསར་འགོད་པར་ལྷ་ས་གྲོང་ཁྱེར་སྣོད་བཅུད་ཁོར་ཡུག་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ་8ཚེས་31ཉིན་བར་ལྷ་ས་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་ཚད་99.6%ཟིན་ཞིང་། ཁོར་ཡུག་སྲུང་སྐྱོང་པུས་ཡོངས་བསྒྲགས་བྱས་པའི་ཟླ་དང་པོ་ནས་བརྒྱད་པ་བར་གྱི་རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར་168ཀྱི་མཁའ་རླུང་སྤུས་ཚད་ཀྱི་ཨང་རིམ་ཁྲོད་ལྷ་ས་གྲོང་ཁྱེར་ཨང་གཉིས་པར་སླེབས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ་8ཚེས་31ཉིན་བར། ལྷ་ས་གྲོང་ཁྱེར་གྱི་མཁའ་རླུང་རང་འགུལ་ས་ཚིགས་6གི་ལྟ་ཞིབ་ཚད་ལེན་བྱས་པའི་གྲངས་གཞི་ལས་མངོན་པར། ནུས་ལྡན་གྱི་ལྟ་ཞིབ་ཚད་ལེན་གྱི་ཉིན་གྲངས་151དང་། ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་107 འབྲིང་བའི་ཉིན་གྲངས་135 ལེགས་ཚད་99.6%ཟིན་ཡོད། མཁའ་རླུང་སྤུས་ཚད“ལེགས་པའི”ཉིན་གྲངས་དེ་ན་ནིང་གི་དུས་མཚུངས་ལས་ཉིན་45མང་དུ་ཕྱིན་ཡོད། ཁོར་ཡུག་སྲུང་སྐྱོང་པུས་2019ལོའི་ཟླ་དང་པོ་ནས་བརྒྱད་པ་བར་གྱི་རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར་168ཀྱི་མཁའ་རླུང་སྤུས་ཚད་ཨང་རིམ་ཁྲོད་ལྷ་ས་གྲོང་ཁྱེར་ཨང་གཉིས་པར་སླེབས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།