[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • ཀྲུང་གོའི་བོད་ལྗོངས་ཀླུ་ནང་གི“ཧི་མ་ལ་ཡར་སྐོར་བའི”རྒྱལ་སྤྱིའི་མཉམ་ལས་གླེང་སྟེཌ་སྐབས་གཉིས་པ་འཚོགས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-17

    ཚེས་14ཉིན་ཀྲུང་གོའི་བོད་ལྗོངས་ཀླུ་ནང་གི“ཧི་མ་ལ་ཡར་སྐོར་བའི”རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་གཉིས་པ་བོད་ལྗོངས་ཉིང་ཁྲིར་འཚོགས་ཤིང་། ཀྲུང་གོ་དང་། ནེ་པ་ལ། ཕ་ཁི་སི་ཐན་སོགས་ཧི་མ་ལ་ཡར་སྐོར་བའི་རྒྱལ་ཁབ་ཀྱི་སྐུ་མགྲོན་མང་པོས་ས་ཁུལ་གྱི་མཉམ་ལས་འཕེལ་རྒྱས་དང་མཉམ་སྦྲེལ་མཉམ་མཐུད་ལ་གྲོས་བསྡུར་འཁྲུག་པོ་བྱས་པ་རེད།

    ཚོགས་ཞུགས་སྐུ་མགྲོན་ཚོས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་ཧི་མ་ལ་ཡའི་ས་ཁུལ་གྱི་ས་ཁོངས་མཉམ་ལས་འཕེལ་རྒྱས་ལ་དོན་སྙིང་གལ་ཆེན་ལྡན་པར་བསྔགས་བརྗོད་བྱས་པ་མ་ཟད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་ཨེ་ཤེ་ཡ་ལྷོ་མའི་ས་ཁུལ་དུ་འཚམས་འདྲི་གནང་བར་ཚད་མཐོའི་གདེང་འཇོག་ཀྱང་བྱས་ཤིང་། “‘རྒྱུད་གཅིག་ལམ་གཅིག’གི་གྲོས་འགོས་ས་ཁུལ་དེའི་གནས་བབ་ལ་འགྱུར་ལྡོག་བཏང་བ་མ་ཟད། དུས་རབས་21གི་ལོ་རྒྱུས་ཀྱི་དོན་རྐྱེན་གལ་ཆེ་ཤོས་དེ་ཡང་རེད། ནེ་པ་ལ་ནི་ཀྲུང་གོས་ཨེ་ཤེ་ཡ་ལྷོ་མར་སྐྱོད་པ་དང་ས་ཁོངས་ཀྱི་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་པའི་སྦྲེལ་ཟམ་ལྟ་བུར་འགྱུར་ཆོག” ནེ་པ་ལའི་རྨང་གཞིའི་སྒྲིག་བཀོད་དང་འགྲིམ་འགྲུལ་པུའི་པུའུ་ཀྲང་མ་ཧ་སའེ་ཐེས“ཉེ་ཆར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནེ་པ་ལར་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་གནང་བ་དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་ཡོད”ཅེས་བཤད།

    ཕ་ཁི་སི་ཐན་གྱི་གྲོས་ཁང་གོང་མའི་འཐུས་མི་ཨ་ས་ཏེས“ཀྲུང་གོས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་ཨེ་ཤེ་ཡ་ལྷོ་མའི་ས་ཁོངས་ཀྱི་མཉམ་འབྲེལ་མཉམ་མཐུད་ཀྱི་ཚ་རླབས་བསླངས་ཡོད། ཕ་ཁི་སི་ཐན་གྱིས་ཀྲུང་ཕའི་དཔལ་འབྱོར་བར་ཁྱམས(CPEC)དང་དེ་བཞིན་ཨེ་ཤེ་ཡ་དབུས་མའི་ས་ཁོངས་ཀྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས(CAREC)ཀྱི་བརྒྱུད་སྦྲེལ་རང་བཞིན་གྱི་རྣམ་གྲངས་གཞན་དག་ཐད་ཀྲུང་གོར་ཐོན་ཁུངས་འབོར་ཆེན་མཁོ་འདོན་བྱས་ཡོད”ཅེས་བཤད།

    ཀྲུང་ནེའི་ལྕགས་ལམ་འཛུགས་སྐྲུན་ལ་ཚོགས་ཞུགས་སྐུ་མགྲོན་ཚོས་དོ་ཁུར་ཆེན་པོ་བྱས་ཤིང་། ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་བ་ཁར་ཅིས“2019ལོ་ནི་ཀྲུང་གོ་དང་ནེ་པ་ལའི་གཙོ་བདག་དབར་ཕན་ཚུན་འཚམས་འདྲི་བྱེད་པའི་ལོ་རྒྱུས་རང་བཞིན་གྱི་ལོ་ཞིག་རེད། ཀྲུའུ་ཞི་ཞི་ཅིན་ཕིང་ནེ་པ་ལར་འཚམས་འདྲི་བྱེད་རིང་། ཕྱོགས་གཉིས་པོའི་དབར་ཀྲུང་ནེའི་རྒྱལ་སྒྲོལ་ལྕགས་ལམ་དང་སྐྱིད་གྲོང་ནས་ཀ་ཏ་མན་རྡུ་བར་གྱི་ལམ་རྒྱུད་ཕུག་ལམ་སོགས་ཚུད་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཆོག་འཐུས་རང་བཞིན་ཞིབ་འཇུག་གི་གྲོས་འགོ་དང་བསམ་ཤེས་མང་པོར་མིང་རྟགས་བཀོད་ཡོད། རྣམ་གྲངས་དེ་དག་གིས་རྒྱལ་ཁབ་གཉིས་པོའི་དབར་གྱི་ཧི་མ་ལ་ཡ་བརྒལ་བའི་མཉམ་འབྲེལ་མཉམ་མཐུད་ལ་ཕན་པ་འདོགས་སྲིད”ཅེས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།