[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • བོད་ལྗོངས་སུ་སླར་ཡང་རྒྱལ་ཁབ་ཀྱི་ས་གཤིས་སྤྱི་གླིང་གཅིག་མང་དུ་ཕྱིན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-16

    རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ཉེ་ཆར་རྒྱལ་ཁབ་ཀྱི་ས་གཤིས་སྤྱི་གླིང་5ལ་དངོས་སུ་མིང་བཏགས་པ་དེའི་ནང་བོད་ལྗོངས་ཀྱི་ཡངས་པ་ཅན་ས་གཤིས་སྤྱི་གླིང་ཚུད་ཡོད། མིག་སྔར་ཡིད་འོང་རྒྱལ་ཁབ་ས་གཤིས་སྤྱི་གླིང་དང་། རྩ་མདའ་བྲུ་རོང་རྒྱལ་ཁབ་ས་གཤིས་སྤྱི་གླིང་བསྣན་ན་བོད་ལྗོངས་སུ་རྒྱལ་ཁབ་ཀྱི་ས་གཤིས་སྤྱི་གླིང་3ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཡངས་པ་ཅན་རྒྱལ་ཁབ་ས་གཤིས་སྤྱི་གླིང་དེ་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཡངས་པ་ཅན་གྲོང་རྡལ་གྱི་མངའ་ཁོངས་སུ་གནས་པ་དང་། དེའི་ནང་ཡངས་པ་ཅན་དང་སྙིང་གྲོང་གི་གླིང་ཁུལ་གཉིས་ཚུད་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2009ལོའི་ཟླ་8པར་རྒྱལ་ཁབ་ས་ཆ་ཐོན་ཁུངས་པུས་བོད་ལྗོངས་ཡངས་པ་ཅན་རྒྱལ་ཁབ་ས་གཤིས་སྤྱི་གླིང་འཛུགས་སྐྲུན་གྱི་ཐོབ་ཐང་སྤྲད་པ་རེད། རྒྱལ་ཁབ་ཀྱི་ས་གཤིས་སྤྱི་གླིང་འཛུགས་སྐྲུན་གྱི་ཐོབ་ཐང་རག་ཚུན་བོད་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་མཐུན་སྦྱོར་ཧུར་ཐག་བྱས་ཏེ་འཆར་འགོད་སྒྲིག་བཟོ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། དོ་དམ་སྒྲིག་གཞི་གྲབས་འཛུགས་སོགས་ཀྱི་ལས་དོན་སྤེལ་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། གོམ་སྟབས་རྗེས་མར་བོད་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ས་གཤིས་ཀྱི་རྗེས་ཤུལ་སྲུང་སྐྱོང་དང་། ས་གཤིས་ཡུལ་སྐོར་འཕེལ་རྒྱས། ཚན་རིག་ཁྱབ་གདལ་གྱི་སློབ་གསོ། ཚན་རིག་ཞིབ་འཇུག་བཅས་མུ་མཐུད་དམིགས་ཚད་དུ་བརྩིས་ནས་ཡངས་པ་ཅན་རྒྱལ་ཁབ་ས་གཤིས་སྤྱི་གླིང་གི་དོ་དམ་དང་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་ས་གཤིས་རྗེས་ཤུལ་སྲུང་སྐྱོང་དང་། ཁོར་ཡུག་སྲུང་སྐྱོང་དང་། དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་འཕེལ་རྒྱས་བཅས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།