[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • ཉིང་ཁྲི་གྲོང་ཁྱེར་གྱིས།

    མང་ཚོགས་སྣོད་བཅུད་ལས་རིགས་ནང་ཞུགས་པ་དང་སྣོད་བཅུད་ལམ་བུའི་ཐོག་བསྐྱོད་རྒྱུར་ཁྲིད་སྟོན་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-03

    ཉེ་བའི་ལོའི་ནང་ཉིང་ཁྲི་གྲོང་ཁྱེར་གྱིས་སྣོད་བཅུད་དམངས་ཕྱུག་དེ་དམིགས་ཚད་དུ་འཛིན་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ། སྣོད་བཅུད་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་བཅས་ཀྱི་ཐོག་ནས་རྒྱ་ཆེའི་ཞིང་འབྲོག་པས་སྣོད་བཅུད་ལས་རིགས་ནང་ཞུགས་པ་དང་སྣོད་བཅུད་ལམ་བུའི་ཐོག་བསྐྱོད་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཉིང་ཁྲི་གྲོང་ཁྱེར་གྱི་སྣོད་བཅུད་ཡུལ་སྐོར་ལས་རིགས་ནང་ཐད་ཀར་ཞུགས་པའི་ཞིང་འབྲོག་པ་དུད་ཚང་1500ཡི་མི་ཁྲི་3ལྷག་ཙམ་ཡོད་པ་དང། སྣོད་བཅུད་ཞིང་འབྲོག་ལས་ཀྱིས་དུད་ཚང་ཁྲི་1.9ལྷག་ཙམ་གྱི་མང་ཚོགས་ཁྲི་7.8ལྷག་ཙམ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད། གྲོང་ཁྱེར་དེས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་དབུལ་སྒྲོལ་འགག་སྒྲོལ་ཟུང་འབྲེལ་དམ་ཟབ་བྱས་ཏེ་ལོ་ལྟར་རྒྱལ་ཁབ་ཀྱི་གཙོ་གནད་སྣོད་བཅུད་ནུས་པ་གཞན་སྒྱུར་གྱི་གཏོང་སྤྲོད་མ་དངུལ་ནས་10%བཏོན་ཏེ་ལས་ཞུགས་ལས་གནས་ཉོ་རྒྱུར་སྤྱད་པ་དང་། ངལ་ནུས་ལྡན་པའི་མང་ཚོགས་དབུལ་པོ་སྔོན་ལ་ཐག་ཉེ་ས་དང་སྟབས་བདེ་སར་ནགས་སྲུང་བ་དང་། རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་པ། ཁོར་ཡུག་སྲུང་སྐྱོང་གི་ལྟ་སྐུལ་པ་བཅས་ལ་གཞན་སྒྱུར་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་སྣོད་བཅུད་སྲུང་སྐྱོང་དང་སྣོད་བཅུད་འཛུགས་སྐྱོང་གི་ཧུར་སེམས་ཟམ་མི་ཆད་པར་འཕེལ་བར་བྱས་ཡོད། གྲོང་ཁྱེར་ཡོངས་ཀྱི་སྣོད་བཅུད་ལས་གནས་ཁྲི་3.24ལྷག་ཙམ་ནས་ལོར་མི་རེར་ཆ་སྙོམས་འབབ་འཕར་སྒོར་3500ཡོང་གི་ཡོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།